གཞིས་རྩེས་བྱ་དགའ་སྤྲོད་པའི་བྱ་ཐབས་བཟུང་ནས་ཡུལ་སྐོར་ལས་རིགས་གོང་འཕེལ་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གཞིས་རྩེའི་ཡུལ་སྐོར་ལས་རིགས་གོང་འཕེལ་ཐད་ལེགས་སྐྱེས་ཕུལ་མཁན་མི་སྒེར་དང་མཉམ་སྡེབ་ལ་གཟེངས་བསྟོད་བྱས་ནས་མི་དེ་བས་མང་བས་གཞིས་རྩེའི་ཡུལ་སྐོར་ལས་རིགས་ཐད་ལེགས་སྐྱེས་གསར་པ་འབུལ་རྒྱུར་སྐུལ་མ་གཏོང་ཆེད།  ཉེ་དུས།  གཞིས་རྩེ་གྲོང་ཁྱེར་གྱིས་ཇོ་མོ་གླང་མའི་ཡུལ་སྐོར་ལས་རིགས་གཉེར་མཁན་ལ་བྱ་དགའ་སྤྲོད་པའི་མཚན་ཚོགས་འཚོགས་པ་རེད། 
མཚན་ཚོགས་ཐོག་བོད་ལྗོངས་གཞིས་རྩེ་ཀྲུང་གོ་རྒྱལ་སྤྱིའི་ཡུལ་སྐོར་སྣེ་ལེན་ཁང་སོགས་ཁེ་ལས་དང་།  ཚེ་རིང་བརྟན་དར་སོགས་མི་སྒེར ༡༥ ལ་ལེགས་སྐྱེས་བྱ་དགའ་སྤྲད་དེ།  ལས་རིགས་ཁག་གི་མི་སྣས་གཞིས་རྩེའི་ཡུལ་སྐོར་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ནང་ཧུར་ཐག་ཞུགས་རྒྱུའི་འབོད་སྐུལ་བྱས་པ་རེད། 
ཤེས་རྟོགས་བྱས་པར་གཞིགས་ན།  ན་ནིང་གཞིས་རྩེ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༦༩༤ ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༣༥ འཕར་བ་དང་།  ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར ༥༥ ལྷག་ཙམ་བྱུང་བ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༢༨ འཕར་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]