ལྷ་རི་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ཏེ་དབུལ་གྲོལ་འགག་སྒྲོལ་ཡོང་བ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དབུལ་གྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུན།  ལྷ་རི་རྫོང་གིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ཏེ་ཐོན་ལས་དབུལ་སྐྱོར་དེ་རྫོང་ཁོངས་དཔལ་འབྱོར་གོང་འཕེལ་གཏོང་བའི་ལྟེ་བའི་སྒུལ་ཤུགས་སུ་རྩིས་ནས་འབྲི་གཡག་རྒྱུད་བཟང་གསོ་སྤེལ་ཁྱབ་གདལ་དང་།  གཟན་རྩྭ་ལས་སྣོན།  སྔོ་ཚལ་འདེབས་འཛུགས།  བོད་ལུགས་སྨན་རྒྱུ་ཞིབ་འཇུག་གསར་སྤེལ།  སྐྱེ་ཁམས་རིག་གནས་ཡུལ་སྐོར་སོགས་ཀྱི་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་བཏང་བས།  དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལས་ཀར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

ལོ་གསུམ་ནང་ཐོན་ལས་རྣམ་གྲངས ༢༧ རེ་ཞུ་ལེགས་སྒྲུབ་བྱས་པའི་ནང་རྣམ་གྲངས ༡༩ གཉེར་སྐྱོང་བྱས་ཟིན་ནས་ཁེ་སྤོགས་སྒོར་ཁྲི་ཚོ ༧༠༥༢ བྱུང་ཡོད།  ཤང་༼ གྲོང་རྡལ ༽བཅུ་ལ་ཤང་རེར་མཉམ་ལས་ཁང་རེའི་ལས་གཞི་ལེགས་སྒྲུབ་ཟིན་པ་དང་།  རྨང་བརྟན་དམངས་ཕན་གྱི་མ་དངུལ་ཟླ་སྒྲིལ་བཏང་ནས་སྲིད་འཛིན་གྲོང་ཚོ ༡༢༡ ལ་གྲོང་ཚོ་རེར་མཉམ་ལས་ཁང་རེའི་ལས་གཞི་ལེགས་སྒྲུབ་བྱས་ནས།  དབུལ་ཕོངས་དུད་ཚང་ ༡༧༡༧ དང་མི ༨༥༨༣ ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་དང་།  མི་རེར་ཆ་སྙོམས་འབབ་འཕར་སྒོར ༢༠༠༠ ལྷག་བྱུང་ཡོད།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་ ༡༦༨༨ དང་མི ༨༥༡༨ ཚང་མ་ལོ་གསུམ་ནང་དབུལ་གྲོལ་བརྟན་པོ་བྱུང་བ་དང་།  དབུལ་ཕོངས་དུད་ཚང་གི་སྡོད་ཁང་ལོགས་ཉེན་ཡོད་པའི་ཁང་པ ༡༨༦ བསྒྱུར་བཟོ་བྱས་པ་དང་དབུལ་ཕོངས་དུད་ཚང་ ༦༥༦ དང་མི ༢༨༠༡ གནས་སྤོས་དབུལ་སྐྱོར་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]