བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་༦༠འཁོར་བ་ཞེས་པའི་དཔེ་ཚོགས་འགྲེམས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བ་དང་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༦༨ འཁོར་བར་དྲན་གསོ་ཞུ་ཆེད།  སྤྱི་ཚེས ༢༡ དང་ ༢༢ ཉིན།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས།  དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཞེས་པའི་དཔེ་དེབ་ཕུད་འགྲེམས་ཚོགས་འདུ་དང་།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བ་ཞེས་པའི་དཔེ་ཚོགས་འགྲེམ་བསྒྲགས་ཚོགས་འདུ།  བོད་དང་འབྲེལ་བའི་དཔེ་དེབ་པར་སྐྲུན་འགྲེམས་སྤེལ་གྱི་སྤེལ་རེས་ཚོགས་འདུ་སོགས་ལྷ་སར་འཚོགས་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན།  དུས་རབས་ཉི་ཤུ་པའི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཞེས་པའི་དཔེ་དེབ་དེར་ཁྱོན་ལེའུ་དྲུག་ཡོད་པ་དང་།  ནང་དོན་ཐད་རི་མོ་དང་རྐོས་དཀྲོལ།  ཨར་སྐྲུན།  བཟོ་རྩལ་སོགས་ཚུད་ཡོད།  རྩོམ་པ་པོས་ལྷ་ས་དང་གཞིས་རྩེ།  ཆབ་མདོ།  ལྷོ་ཁ་སོགས་ས་ཁུལ་གྱི་དམངས་ཁྲོད་དུ་བརྟག་དཔྱད་བྱས་པའི་རྒྱུ་ཆ་དང་ངག་ཐོག་དང་ཡིག་རིས་ཀྱི་རྩ་ཆེའི་དཔྱད་གཞི་འབོར་ཆེན་བསྡུ་རུབ་བྱས་ཤིང་།  དེའི་ནང་གི་དཔྱད་གཞི་མི་ཉུང་བ་ཞིག་ནི་ཐེངས་དང་པོར་ཤེས་རྟོགས་དང་ལུང་འདྲེན་པ་ཞིག་ཡིན།
བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བ་ཞེས་པའི་དཔེ་ཚོགས་རྩོམ་སྒྲིག་པར་སྐྲུན་བྱས་པ་དེ་ནི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་ ༦༠ སོང་རིང་གི་འོད་སྟོང་འབར་བའི་བརྒྱུད་རིམ་དང་གྲུབ་འབྲས་ཆེན་པོ་བཀོད་དེ།  བོད་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མྱོང་མེད་པའི་རླབས་ཆེའི་སྤྱི་ཚོགས་འཕོ་འགྱུར་གྱི་དཔང་རྟགས་བྱས་ཡོད་ལ།  བོད་ལ་ཞིབ་འཇུག་བྱེད་མཁན་མཁས་དབང་ཚོར་ཅུང་ཞིབ་ཅིང་ཕྲ་བའི་ལོ་རྒྱུས་ཀྱི་དཔྱད་གཞི་ཞིག་ཀྱང་མཁོ་འདོན་བྱས་ཡོད།  ད་ལྟ་ཆོས་ལུགས་བམ་པོ་དང་དམངས་འཚོའི་བམ་པོ་པར་སྐྲུན་ཟིན་པ་དང་།  ཆབ་སྲིད་བམ་པོ་དང་རིག་གནས་བམ་པོ།  སྐྱེ་ཁམས་ཁོར་ཡུག་བམ་པོ་བཅས་པར་སྐྲུན་བྱེད་བཞིན་ཡོད་པས་ད་ལོའི་སྤྱི་ཟླ་དགུ་པར་ཚང་མ་པར་སྐྲུན་ཐུབ་པ་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]