ལྗོངས་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ཀྱི་སྨྱན་སྦྱོར་འཕྲིན་འབྲེལ་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ་ལྔ་པའི་ཚེས ༢༢ ཉིན།  ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུད་ནས་ལྗོངས་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དྲིལ་བསྒྲགས་ཀྱི་སྨྱན་སྦྱོར་འཕྲིན་འབྲེལ་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུའི་ཐོག་ཉེ་བའི་ལོའི་ནང་རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་བྱུང་བ་དང་སྦྲགས།  འགྲིམ་འགྲུལ་བདེ་འཇགས་དོ་དམ་གྱི་གནོན་ཤུགས་ཆེ་རུ་ཕྱིན་ཡོད་ཅིང་།  ད་བར་ལྗོངས་ཡོངས་སུ་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི ༩ ལྷག་ཙམ་ཟིན་པ་དང་མཐོ་རིམ་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ ༦༠༠ ལྷག་ཙམ་ཟིན་པ།  རླངས་འཁོར་ཡོད་མཁན་ཁྲི་ཚོ ༥༣ ཙམ་དང་ཁ་ལོ་བ་ཁྲི་ཚོ ༥༠ ལྷག་ཙམ་ཟིན་ཡོད།  འགྲིམ་འགྲུལ་བདེ་འཇགས་དེ་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བ་དང་ཐོན་སྐྱེད་ཁྲོད་ཁ་བྲལ་ཐབས་མེད་ལ་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་རྩར་ཐུག་ཡོད་པས།  འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་གྱི་གལ་ཆེའི་རང་བཞིན་མངོན་གསལ་དོད་དུ་ཕྱིན་པ་དང་།  གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དྲིལ་བསྒྲགས་སློབ་གསོའི་ལས་དོན་དེ་འགྲིམ་འགྲུལ་དོ་དམ་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་ལྷུ་ཚིགས་སུ་གྱུར་བས།  འགྲིམ་འགྲུལ་ནང་ཐེ་ཞུགས་བྱེད་མཁན་ཚོའི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་།  འགྲིམ་འགྲུལ་གྱི་ལས་འཛོལ་སྔོན་འགོག་བྱེད་རྒྱུར་གཞན་གྱི་ཚབ་བྱེད་ཐབས་བྲལ་བའི་ནུས་པ་ལྡན་ཡོད་ཅེས་མཛུབ་སྟོན་བྱས་ཡོད།
ཚོགས་འདུའི་ཐོག་ད་དུང་ཚོགས་ཞུགས་སྨྱན་སྦྱོར་ཚན་པ་དང་ལས་ཁུངས་ཀྱིས་གཙོ་གནད་ཐོག  ཇི་ལྟར་བྱས་ཏེ་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དྲིལ་བསྒྲགས་ལས་དོན་སྤེལ་རྒྱུ་དང་།  འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་ཀར་སྤྱི་ཚོགས་ལས་རིགས་ཁག་གི་བསམ་ཤེས་ཐོབ་པ་བྱེད་རྒྱུ།  འགྲིམ་འགྲུལ་ནང་ཐེ་ཞུགས་བྱེད་མཁན་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་བཅས་དང་བསྟུན་ནས་ཐབས་ཇུས་བཏོན་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]