བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་སྤེལ་འགོ་བཙུཌ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-05-24

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བརྗིད་ཆགས་ཡིད་འོང་གི་ལོ་ངོ་བདུན་ཅུ།  འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པ་ཞེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་བཀོད་སྒྲིག་བླང་བྱར་གཞིགས་ནས།  ཉེ་དུས་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་གསར་འགོད་པ་ཁག་ཅིག་སྒྲིག་འཛུགས་བྱས་ཏེ་གཞི་རིམ་དུ་ཟབ་སྐྱོད་ངང་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་སྤེལ་ཡོད།

བརྗིད་ཆགས་ཡིད་འོང་གི་ལོ་ངོ་བདུན་ཅུ།  འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པ།  མཐའ་སྐྱོང་བོད་བརྟན་ལག་ལེན་བདེ་བླག་བྱུང་བའི་བརྟག་ཞིབ་བྱ་སྤྱོད་ཞེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་ཏན་ཏིག་ངང་སྤེལ་ཆེད།  བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་འཇོན་ཐང་ཆེ་བའི་གསར་འགོད་པ་བཀོད་སྒྲིག་དང་སྐོར་ཚོ་མང་པོར་བགོས་ཏེ།  ལྗོངས་ཡོངས་ཀྱི་གྲོང་ཁྱེར༼ ས་ཁུལ ༽ཁག་དང་ཤང་གྲོང་ཚོར་ཟབ་སྐྱོད་བྱེད་པ་དང་།  བཅའ་སྡོད་དང་ཟབ་སྐྱོད།  བཅར་འདྲི་བཅས་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བ་དང་བོད་ལ་ཞི་བས་བཅིང་འགྲོལ་བཏང་ཚུན།  རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་གང་ལེགས་མངོན་པར་བྱེད་པ་དང་།  ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱས་ཏེ།  མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་དངོས་མངོན་པར་བྱེད་རྒྱུ་རེད།

བོད་ཞི་བས་བཅིང་འགྲོལ་བཏང་ནས་ལོ ༦༨ འཁོར་ལ་ཉེ་བའི་སྐབས་སུ་བརྟག་ཞིབ་བཅར་འདྲི་ཚོགས་ཆུང་ཁག་གི་གསར་འགོད་པས།  སྤྱི་ཚེས ༢༢ ཉིན་གཅིག་བསྡུས་ཐོག་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཕྱི་གྲོང་ཚོར་སྐྱོད་དེ་བཅའ་སྡོད་བཅར་འདྲི་བྱེད་པ་དང་།  དུས་རབས་གསར་པའི་ས་ཆ་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཐུན་མོང་ཐོག་འབད་འཐབ་བྱེད་པ།  འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་སོགས་ཚ་ཚ་འུར་འུར་གྱི་རྣམ་པ་འགོད་རྒྱུ་རེད།

བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་ཝང་མིང་ཡང་ནས།  བྲག་ཕྱི་གྲོང་ཚོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་གཉིས་ཕེབས་མྱོང་ཡོད་པའི་གྲོང་ཚོ་ཞིག་ཡིན་ལ་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་ཐུགས་ཁུར་ཆེན་པོ་གནང་བའི་གྲོང་ཚོ་ཞིག་ཀྱང་ཡིན་པས།  གྲོང་མི་ཚོས་ཀྱང་བྱ་སྤྱོད་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཞུགས་བཞིན་ཡོད།  ང་ཚོས་གཞི་རིམ་དུ་མང་ཚོགས་ཁྲོད་ཟབ་སྐྱོད་བྱས་ཏེ་བརྩམས་བྱ་གལ་ཆེན་མང་པོ་རྩོམ་འབྲི་བྱེད་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས།

ཤེས་རྟོགས་བྱས་པར་གཞིགས་ན།  ད་རེས་ཀྱི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་ད་ལོའི་ལོ་མཇུག་བར་རྒྱུན་མཐུད་ངང་སྤེལ་རྒྱུ་དང་།  དེའི་རིང་བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་མཉམ་འབྲེལ་ཐོག་རླུང་འཕྲིན་དང་བརྙན་འཕྲིན།  སྨྱན་སྦྱོར་གསར་པ་བཅས་ཀྱི་ཐོག་ནས་གནས་ཚུལ་གཏོང་སྤེལ་བྱས་ཏེ་གསར་འགོད་པའི་འགྲོ་ནུས་དང་ལྟ་ནུས།  བསམ་ནུས།  འབྲི་ནུས་བཅས་ལ་བརྟེན་ནས་ལྟ་ཉན་བྱེད་རིན་ཡོད་པའི་གསར་འགྱུར་བརྩམས་བྱ་རྩེ་གྲ་ཁག་ཅིག་འདོན་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]