ནག་ཆུ་གྲོང་ཁྱེར་གྱི་འདམ་ར་སྲུང་སྐྱོང་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་རིང་ནག་ཆུ་གྲོང་ཁྱེར་གྱིས་འདམ་ར་སྲུང་སྐྱོང་ལས་དོན་ནི་གྲོང་ཁྱེར་དེ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གཙོ་གནད་ལས་ཀར་རྩིས་ནས།  དམ་འཛིན་བྱེད་པ་དང་བྱ་ཐབས་ནུས་ལྡན་བཟུང་སྟེ་བཀོད་སྒྲིག་ཞིབ་ཚགས་བྱས་པས་འདམ་ར་སྲུང་སྐྱོང་ལས་ཀར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

སྤྱི་ལོ ༢༠༠༢ ལོའི་ཚུན་དུ་ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་གཙོ་གནད་འདམ་ར་གཉིས་དང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དྲུག  འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་གཉིས་བཅས་བསྐྲུན་པས།  རིམ་པ་དང་རིགས་མང་བའི་འདམ་རའི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཆགས་ཡོད།  འདམ་ར་སྲུང་སྐྱོང་ནུས་ལྡན་དང་རི་འཁྱར་སྲོག་ཆགས་ལ་འཚོ་གནས་ཀྱི་རྨང་གཞི་བཟང་པོ་ཞིག་བཏིང་པས།  སྤྱི་ལོ ༢༠༡༨ ལོའི་ལོ་མཇུག་བར་གཙོད་མགོ་གྲངས་ཁྲི ༡༥ ཡན་དང་འབྲོང་མགོ་གྲངས་ཁྲི ༡ ལྷག  རྐྱང་མགོ་གྲངས་ཁྲི ༨ ལྷག་བཅས་མང་དུ་ཕྱིན་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]