སྨན་བཅོས་ཤེས་ལྡན་པའི་ཚོཌ་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་ཚུན་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་བྱུང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ལོ ༢༠༡༥ ལོར་ཀྲུང་དབྱང་རྩ་འཛུགས་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་སྤེལ་འགོ་ཚུགས་ཚུན།  པེ་ཅིང་དང་ཧྲང་ཧེ།  ཀོང་ཏུང་སོགས་ཞིང་ཆེན་དང་གྲོང་ཁྱེར་བདུན་གྱི་སྨན་ཁང་ ༦༥ ཡིས་ལོ་ལྟར་རིགས་གཅིག་མཁས་ཅན ༡༠༠ ལྷག་སྒྲིག་འཛུགས་བྱས་ནས།  བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་གྲོང་ཁྱེར༼ ས་ཁུལ ༽ ༧ གྱི་མི་དམངས་སྨན་ཁང་དུ་ཁ་གཏད་བོད་སྐྱོར་བྱེད་པར་བཏང་ཡོད།

སྤྱི་ལོ ༢༠༡༨ ལོའི་ལོ་མཇུག་བར་རང་ལྗོངས་ཀྱིས་ལྷ་ས་དང་ཉིང་ཁྲི།  གཞིས་རྩེ།  ལྷོ་ཁ།  ཆབ་མདོ།  ནག་ཆུ་བཅས་གྲོང་ཁྱེར་དུ་ཀ་པ་རིམ་པ་གསུམ་པའི་སྨན་ཁང་བཙུགས་པ་དང་།  ས་བབ་མཐོ་བའི་མངའ་རིས་ས་ཁུལ་ལ་ཁ་པ་རིམ་པ་གསུམ་པའི་སྨན་ཁང་བཙུགས་ཡོད།  ལོ ༤ ཡི་ཚུན་དུ་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་པ ༦༥༩ ཡིས། སྨན་བཅོས་རུ་ཁག ༥༨༨ དང་སྨན་དོན་པ ༡༤༤༦ ལ་རོགས་ཁྲིད་བྱས་པས།  བོད་སྐྱོར་བྱེད་ཡུལ་སྨན་ཁང་གི་སྨན་པ ༡༢༠ ནས་རང་རྐྱ་འཕེར་བའི་ངང་གཤགས་བཅོས་བྱེད་ཐུབ་པ་དང་།  རིག་ཚན་སྣེ་ཁྲིད་པ་དང་ཆེད་ལས་ལག་རྩལ་རྐང་འཛིན་པ་ཁག་ཅིག་གསོ་སྐྱོང་ཐུབ་ཡོད།

ནང་སའི་ཞིང་ཆེན་དང་གྲོང་ཁྱེར་བདུན་གྱི་སྨན་ཁང་ ༦༥ ཡིས་ད་དུང་བོད་ཀྱི་སྨན་ཁང་ཚན་ཁག་ཏུ་འགན་ལེན་བྱེད་པའི་ཐབས་ལམ་བརྒྱུད།  རོགས་སྐྱོར་བྱེད་ཡུལ་སྨན་ཁང་ལ་གཙོ་གནད་ཐོག་ཚན་ཁག་གསར་པ་བཙུགས་ཏེ་རོགས་སྐྱོར་བྱེད་ཡུལ་སྨན་ཁང་དུ་ནང་སའི་སྔོན་ཐོན་ཉམས་མྱོང་ཁྱབ་གདལ་དང་ལག་རྩལ་བེད་སྤྱོད་བྱས་ཡོད།  ད་ཆ་བོད་ལྗོངས་སུ་ནད་གཞི་ཚབས་ཆེན་རིགས ༣༣༨ སྨན་བཅོས་ཐུབ་པ་དང་ནད་གཞི་ཅུང་ཚབས་ཆུང་བ ༡༩༩༠ གྲོང་ཁྱེར༼ ས་ཁུལ ༽ཁག་ཏུ་སྨན་བཅོས་ཐུབ་པ་བྱུང་བ་མ་ཟད།  ནད་གཞི་ཚབ་སཆེན་ཕོག་པའི་ནད་པ་མྱུར་སྐྱོབ་ཐུབ་ཚད་བརྒྱ་ཆ ༩༠.༨༨ ཟིན་པ་དེ་སྤྱི་ལོ ༢༠༡༤ ལོ་ལས་བརྒྱ་ཆ ༢༡.༥༥ འཕར་ཡོད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]