མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་སྤྱི་ལོ ༢༠༡༩ ལོའི་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནས་སྤྲིངས་བའི་རྟེན་འབྲེལ་ཕྱག་ཡིག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་སྐོར་གླེང་བའི་དོན་སྙིང་ཟབ་མོ་ཁོང་དུ་ཆུད་པ་བྱས་ཏེ།  མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཅེས་པའི་དཔྱད་གཏམ་པའི་རྩོམ་ཡིག་སྤེལ་ཡོད།

རྩོམ་ཡིག་ནང་།  ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བའི་ལོ་ཞིག་རེད་ལ་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་ངོ་ ༦༠ འཁོར་བའི་ལོ་ཞིག་ཀྱང་ཡིན་པས།  ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་འགག་རྩའི་དུས་དེར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་མངགས་སྤྱི་ལོ ༢༠༡༩ ལོའི་ཀྲུང་གོའི་བོད་ལྗོངས་གོང་འཕེལ་གླེང་སྟེགས་ཀྱི་འགོ་བཙུགས་མཛད་སྒོར་རྟེན་འབྲེལ་ཕྱག་ཡིག་སྤྲིངས་ཏེ།  ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་ཆེད།  མདུན་སྐྱོད་ཀྱི་ཁ་ཕྱོགས་སྟོན་གནང་ཡོད་ལ་གཞི་རྩའི་སྲུང་བྱ་ཡང་མཁོ་འདོན་གནང་ཡོད་ཅེས་འཁོད་ཡོད།

རྩོམ་ཡིག་ནང་།  ལྗོངས་ཡོངས་ཀྱི་རིམ་ཁག་ཚན་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཕྱག་ཡིག་གི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས།  ལག་བསྟར།  དོན་འཁྱོལ་བཅས་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་རྩིས་ནས།  ཞི་ཅིན་ཕིང་ནས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་གནང་ལུགས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དམིགས་གསལ་ཐུགས་ཁུར་གནང་ལུགས་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང་།  ཕྱག་ཡིག་གི་གལ་ཆེན་དགོངས་དོན་གྱི་དོན་སྙིང་དང་དོན་སྙིང་ཟབ་མོར་གོ་ལ་གཏིང་ཟབ་བླང་ནས།  བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅིའི་ཕྱག་ཡིག་གི་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་འགྱུར་ཡོང་བ་བྱེད་རྒྱུ་དེ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ།  སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་བཅས་དང་ཟུང་འབྲེལ་བྱས་ནས།  བོད་ལྗོངས་མགྱོགས་མྱུར་གོང་འཕེལ་དང་ཡུན་རིང་བདེ་འཁོད་ལ་སྐུལ་སྤེལ་ནུས་ལྡན་གཏོང་དགོས་ཞེས་འཁོད་ཡོད།

རྩོམ་ཡིག་ནང་།  ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་ནས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་རྒྱུ་དང་།  ལྗོངས་ཏང་ཨུད་ཀྱི་མཐུན་སྒྲིལ་སྣེ་ཁྲིད་འོག་མི་སེམས་གཅིག་སྒྲིལ་དང་དཀའ་གནད་འགག་སྒྲོལ།  འབད་འབུངས་གསར་གཏོད་བཅས་ཀྱི་སྒོ་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་ཕུལ་བྱུང་གྲུབ་འབྲས་ཐོག་ནས།  སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་གཅེས་སེམས་ལ་དྲིན་ལན་འཇལ་བ་དང་།  དུས་རབས་གསར་པའི་བོད་ལྗོངས་གོང་འཕེལ་གྱི་གྲུབ་འབྲས་གསར་པའི་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་ཕྱག་རྟགས་འབུལ་དགོས་པའི་ནན་གསུངས་གནང་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]