རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཁག་ཅིག་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་དང་ལྷ་སར་མཇལ་འཛོམས་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་སྤྱི་ཟླ་དྲུག་པའི་ཚེས ༡༢ ཉིན་གནམ་གྲུར་བཞུགས་ནས་ལྷ་སར་ཕེབས་འབྱོར་བྱུང་བ་དང་།  འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་བློ་བཟང་རྒྱལ་མཚན།  ཆེ་དགྲ་ལྷ།  ཏིང་གཡས་ཤན་བཅས་གནམ་གྲུ་འབབ་ཐང་དང་བཞུགས་གླིང་རྡོ་རྗེ་ཕོ་བྲང་དུ་ཕེབས་བསུར་བཅར་ཡོད།  སྤྱི་ཚེས ༡༣ ཉིན་གྱི་ཕྱི་དྲོ།  བློ་བཟང་རྒྱལ་མཚན་དང་ཆེ་དགྲ་ལྷ།  ཏིང་གཡས་ཤན་བཅས་ཀྱིས་ལྷ་སར་པཎ་ཆེན་རིན་པོ་ཆེ་བཅས་པ་དང་མཇལ་འཛོམས་གནང་བ་རེད།
མཇལ་འཛོམས་གནང་སྐབས་བློ་བཟང་རྒྱལ་མཚན་གྱིས་པཎ་ཆེན་རིན་པོ་ཆེར་དགའ་བསུ་ཟབ་མོ་ཞུས་གནང་བ་དང་སྦྲགས།  པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་པཎ་ཆེན་སྐུ་ཕྲེང་བཅུ་པ་སོགས་མིག་དཔེར་འཛིན་ནས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་གནང་སྟེ།  བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རྒྱལ་གཅེས་ཡར་བརྩོན་གྱི་དར་ཆ་ལྟ་བུར་འགྱུར་བ་གནང་རྒྱུ་དང་།  ཆོས་ལུགས་ཀྱི་རྟོགས་པ་དང་དེང་རབས་ཚན་རིག་རིག་གནས་ཀྱི་ཤེས་བྱ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས།  ཆོས་ལུགས་ཀྱི་བསྟན་དོན་ཐད་སྤྱི་ཚོགས་ཡར་ཐོན་དང་དུས་རབས་ཀྱི་བླང་བྱ་དང་འཚམ་པའི་འགྲེལ་བཤད་བསྐྱོན་ནས།  བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་སྟེ་སྐུ་ཡོན་ཆེ་ཞིང་མཁྱེན་རྒྱ་ཟབ་པའི་སློབ་དཔོན་ཞིག་ཏུ་འགྱུར་བ།  དད་ལྡན་མང་ཚོགས་ལ་དགའ་གཅེས་དང་།  སྤྱི་ཚོགས་ལ་དོ་ཁུར།  འཕེལ་རྒྱས་ལ་དོ་སྣང་བཅས་ཀྱི་ཐོག་ནས་བོད་ལྗོངས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ཐབས་འདོན་ཇུས་འདོན་ཧུར་ཐག་གནང་སྟེ།  ཏང་དང་དད་ལྡན་མང་ཚོགས་ཀྱི་རེ་བ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་སྤྱི་ཚོགས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་མཁན་གྱི་དཔེ་མཚོན་ཞིག་ཏུ་འགྱུར་བའི་རེ་བ་ཡོད་ལ།  བོད་དུ་བཞུགས་རིང་སྐུ་གཟུགས་གསལ་ཐང་དང་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ཐུགས་གྲ་ལེགས་འགྲིག་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་ཡི་ཡིན་ཞེས་གསུངས།
པཎ་ཆེན་རིན་པོ་ཆེས་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཀྱིས་བྱམས་བརྩེའི་མཇལ་མོལ་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས།  ང་ཚོ་ཆོས་ལུགས་ལས་རིགས་ཀྱི་མི་སྣས་བོད་བརྒྱུད་ནང་བསྟན་ཁྲོད་རིག་གཞུང་དང་ལག་ལེན།  བསམ་བློ།  བྱ་སྤྱོད་བཅས་ཀྱི་ཐད་ཏང་གི་འདུན་པ་དང་རྒྱལ་ཁབ་གོང་འཕེལ།  བོད་ཀྱི་དོན་དངོས་བཅས་དང་ཟུང་འབྲེལ་བྱས་ནས།  བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་བོད་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་ཆེད་ལེགས་སྐྱེས་འབུལ་རྒྱུ་དང་།  རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམས་པ་དང་སྤྱི་ཚོགས་ཡར་རྒྱས་ཀྱི་བླང་བྱ་དང་འཚམས་པའི་སྡོམ་ཁྲིམས་བསྟན་དོན་ལག་བསྟར་ནན་སྲུང་ཐོག་ནང་ཆོས་ཀྱིས་མི་སེམས་ལ་སློབ་གསོ་ཐེབས་ཐབས་དང་།  སྡིག་སྤོངས་དགེ་སྒྲུབ།  རིགས་དྲུག་བཏང་སྙོམས་ཀྱི་འདུ་ཤེས་དད་ལྡན་མང་ཚོགས་ཁྲོད་བརྒྱུད་སྤེལ་བྱེད་རྒྱུ་ཡིན་ཞེས་གསུངས།
མཇུག་ཏུ་པཎ་ཆེན་རིན་པོ་ཆེས་བོད་ཀྱི་སྤྱི་ཚོགས་ཡུན་རིང་བདེ་འཁོད་དང་བྱ་གཞག་ཁག་གོང་འཕེལ་མྱུར་པོ།  རླབས་ཆེའི་མེས་རྒྱལ་གྲ་རྒྱས་ཕུན་སུམ་ཚོགས་པ་བཅས་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]