རང་ལྗོངས་ཀྱིས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུཌ་ཐད་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-06-19

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  ལྗོངས་མི་སྤྱི་ཐིང་དང་ལྗོངས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས།  ལྗོངས་སློབ་གསོ་ཐིང་དང་ལྗོངས་གཞུང་ཁོངས་རྒྱུ་ནོར་ཨུ་ཡོན་ལྷན་ཁང་།  ལྗོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་དང་མཉམ་འབྲེལ་ཐོག  བོད་རང་སྐྱོང་ལྗོངས་སློབ་ཆེན་སློབ་ཐོན་སློབ་མ་ལས་ཞུགས་ཀྱི་སྤྱི་ལོ ༢༠༡༩ ལོའི་དབྱར་དུས་ཆེད་དོན་གདན་ཞུའི་བྱེད་སྒོ་ལྗོངས་མི་རྒྱུན་ཐོན་ཁུངས་ཁྲོམ་རར་སྤེལ་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཇེ་གདན་ཞུའི་བྱེད་སྒོ་སྤེལ་ཡུལ་དུ་མཛུབ་ཁྲིད་གནང་བར་ཕེབས་ཡོད།

ཅང་ཇེ་ནས་རིམ་ཁག་ཚན་པ་ཁག་གིས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་ཀར་དམ་འཛིན་ལྷོད་མེད་བྱེད་དགོས་པ་དང་།  གཞུང་ཕྱོགས་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ།  ལས་ཞུགས་སྔོན་འཇོག་གི་འཐབ་ཇུས་དང་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་ལག་ལེན་བསྟར་ནས་མུ་མཐུད་དེ་ལས་ཞུགས་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་གཏོང་དགོས་པ།  རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་དོན་དངོས་ལ་གཞི་ཚུགས་ཏེ་རིག་ཚན་བཀོད་སྒྲིག་བྱེད་སྟངས་ལེགས་སུ་བཏང་ནས།  སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་ལག་རྩལ་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཤུགས་ཆེན་བྱེད་དགོས་པ།  ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར།  དེ་བཞིན་ཀྲུང་དབྱང་ཁེ་ལས་དང་འབྲེལ་མཐུད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས།  སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་སྐྱེད་བཏང་ཐོག་སློབ་ཆེན་ཐོན་པའི་ཐེམ་ཁོངས་བོད་ནས་ཡིན་པའི་སློབ་མ་ལས་ཞུགས་ཡུན་རིང་དང་བརྟན་པོ།  སྤུས་ལེགས་བཅས་ཐུབ་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།

གདན་ཞུའི་བྱེད་སྒོའི་ཐོག་ཁྱོན་ཚན་པ ༤༠༦ གིས་ཁྲོམ་རའི་ཚོང་གཉེར་དང་སྲིད་འཛིན་དོ་དམ།  དངུལ་རྩ་རིག་པ།  བཟོ་བཀོད་ལས་གཞི།  གསོ་རིག  སློབ་གསོ་རིག་པ་སོགས་ཆེད་ལས་ཚུད་པའི་ལས་ཞུགས་ལས་གནས ༥༣༥༥ མཁོ་འདོན་བྱས་པ་དང་།  གདན་ཞུའི་ལས་གནས་ཀྱི་ཟླ་རེའི་གླ་ཕོགས་མཐོ་ཤོས་ལ་སྒོར ༢༠༠༠༠ ཟིན་གྱི་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]