ལྷ་རི་རྫོང་གིས་གྲོང་ཚོའི་ལས་རོགས་འཆར་གཞིར་བརྟེན་ནས་ལས་ཞུགས་དང་དབུལ་གྲོལ་ཐུབ་པ་བྱས་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གིས་གྲོང་ཚོའི་ལས་རོགས་འཆར་གཞིར་བརྟེན་ནས་ལས་ཞུགས་དང་དབུལ་གྲོལ་ཐུབ་པ་བྱས་ཡོད།  ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༡༨ ལོ་ནས་བཟུང་།  ལྷ་རི་རྫོང་གིས་གྲོང་ཚོའི་ལས་རོགས་པ ༡༢༢ བསྡུ་རྒྱུའི་འཆར་གཞི་བཏིང་པའི་ནང་ད་བར་དངོས་སུ་གྲོང་ཚོའི་ལས་རོགས་པ ༥༣ བསྡུས་ཡོད།

སློབ་ཆེན་སློབ་མ་གྲོང་ཚོའི་ལས་རོགས་པའི་ལས་གནས་ཐོག་སླེབས་རྗེས་གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་འོག  གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ།  གཞི་རིམ་བཅོས་སྐྱོང་ལས་དོན་དང་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་ཐད་ལས་རྣམ་གསར་པ་བཏོད་ཐུབ་པ་བྱུང་ནས།  སློབ་ཆེན་སློབ་མ་འགའ་ལ་རང་ཉིད་ཀྱི་འཇོན་ཐང་ངོམས་པའི་སྟེགས་བུ་དང་རིན་ཐང་མངོན་པའི་གོ་སྐབས་ཤིག་ཐོབ་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན།  ལྷ་རི་རྫོང་གིས་གྲོང་ཚོའི་ལས་རོགས་འཆར་གཞི་ལག་བསྟར་བྱས་པ་བརྒྱུད།  ཏང་གི་སྲིད་འཛིན་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོད་རྒྱུ།  སློབ་ཆེན་སློབ་མའི་ལག་ལེན་ནུས་པ་ཆེ་རུ་གཏོང་རྒྱུ།  སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོད་རྒྱུ་བཅས་ལ་ཕན་པ་ཆེན་པོ་ཐོབ་ཡོད། །

  ༼  རྩོམ་སྒྲིག་བློ་གྲོས། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]