ཕྱུག་འགྱུར་འབབ་འཕར་གྱི་ལམ་དུ་ཞུགས་པའི་རྒྱ་མདའ་རྫོང་གླང་གྲོང་ཚོ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་ལ་འགྲིམ་འགྲུལ་སྟབས་བདེ་པོ་ཡོད་པའི་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་རྒྱ་མདའ་ཤང་གླང་གྲོང་ཚོ་དེ་ཉིད་རྒྱལ་ལམ ༣༡༨ རྒྱུད་དུ་གནས་པ་དང་ས་བབ་མཐོ་ཚད་སྤྱི་ཁྲེ ༣༤༢༠ ཡོད་པ་རེད།  དེ་སྔའི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་དེ་དབྱར་རྩྭ་དགུན་འབུ་བཙོངས་པའི་ཡོང་འབབ་དང་ཨར་པོ་རྒྱུགས་པའི་ཡོང་འབབ་རེད།  ཉེ་བའི་ལོའི་རིང་གླང་གྲོང་ཚོས་སྔ་རྗེས་སུ་ཟོག་འགྲེམས་ལྟེ་གནས་དང་གླང་གྲོང་ཚོའི་གཞོན་ནུའི་ཡུལ་སྐོར་སྣེ་ལེན་ཁང་བསྐྲུན་པས།  མཉམ་སྡེབ་ཡོང་འབབ་རྒྱུན་མཐུད་མང་དུ་ཕྱིན་ནས་གྲོང་མི་ཚོ་འབབ་འཕར་ཕྱུག་གྱུར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད།

གླང་གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་སྣེ་ཁྲིད་འོག་དང་།  གྲོང་ཚོ་དེས་ཡུལ་བབ་དང་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པས་གྲོང་མི་རྣམས་འབབ་འཕར་ཕྱུག་གྱུར་ཐུབ་ཡོད།  མང་ཚོགས་འབབ་འཕར་ཕྱུག་གྱུར་ཡོང་རྒྱུར་སྣེ་ཁྲིད་བྱེད་ཆེད།  གྲོང་ཚོའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཚན་ཁག་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཏང་འཛུགས་ལ་བརྟེན་ནས་ཐོན་ལས་དམ་འཛིན་བྱེད་པ་དང་།  ཐོན་ལས་དམ་འཛིན་ཡག་པོ་བྱས་ནས་ཏང་འཛུགས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ།  གཞི་རིམ་འཐབ་ས་འཛུགས་སྐྱོང་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།  ཐོན་ལས་གོང་འཕེལ་སོགས་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཡོད།

ན་ནིང་བསྐྲུན་པའི་གླང་གྲོང་ཚོའི་ཚད་ལྡན་ཅན་གྱི་ཏང་རྩ་འཛུགས་བྱེད་སྒོ་སྤེལ་གནས་དེ་ད་ཆ་གཅིག་འཐུས་རྣམ་པའི་ལས་གཉེར་དང་གཞི་གཅིག་ཅན་གྱི་ཞབས་ཞུ་སྒྲུབ་ཐུབ་ནས།  གཞི་རིམ་ཏང་ཡོན་མང་ཚོགས་ཀྱི་སྟོབས་ཆེའི་འཐབ་ས་དང་དྲོད་སྐྱིད་ལྡན་པའི་ཁྱིམ་ཚང་ལྟ་བུར་གྱུར་ཏེ་ཏང་ཡོན་མང་ཚོགས་ཀྱི་བློ་ཁ་ཕྱོགས་ནུས་གཅིག་སྒྲིལ་ཐུབ་ཡོད།  ཏང་ཀྲེ་པུས་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱེད་པ་དང་མང་ཚོགས་ཀྱི་ནང་སྐྱེད་སྒུལ་ཤུགས་འཕེལ་བ་བྱས་ནས།  གྲོང་ཚོ་དེ་ཡོངས་ཀྱི་མང་ཚོགས་ནས་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་བརྒྱུད་དབུལ་གྲོལ་ཕྱུག་གྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།  སྤྱི་ལོ ༢༠༡༨ ལོར་བསྡོམས་རྩིས་བརྒྱབ་པར་གཞིགས་ན།  གླང་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་ཚོ ༦༣༤ ལྷག་ཙམ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར ༡༡༠༠༠ ལྷག་ཙམ་ཟིན་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]