ཆབ་མདོས་ཐོན་ལས་ལ་བརྟེན་ནས་དབུལ་གྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-16

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་གཏིང་ཟབ་སྤེལ་བའི་ཁྲོད།  ཆབ་མདོ་གྲོང་ཁྱེར་གྱིས་ཐོན་ལས་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།  ཐོན་ལས་ལ་བརྟེན་ནས་དབུལ་གྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་བས་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།  སྤྱི་ལོ ༢༠༡༦ ལོའི་ཚུན་དུ་ཆབ་མདོ་གྲོང་ཁྱེར་གྱི་དབུལ་ཕོངས་བ་ཁྲི་ཚོ ༡༢.༤ དབུལ་གྲོལ་ཐུབ་ནས་དབུལ་པོར་གྱུར་ཚད་དེ་སྤྱི་ལོ ༢༠༡༥ ལོའི་ལོ་མཇུག་གི་བརྒྱ་ཆ ༢༤.༩༥ ནས་སྤྱི་ལོ ༢༠༡༨ ལོའི་ལོ་མཇུག་གི་བརྒྱ་ཆ ༩.༧ བར་ཆགས་པ་དང་དབུལ་ཕོངས་གྲོང་ཚོ ༧༡༣ དབུལ་གྲོལ་ཐུབ་པ་མ་ཟད།  ཁ་རུབ་དང་སྟེང་ཆེན།  རི་བོ་ཆེ།  འཇོ་མདའ།  ལྷོ་རོང་།  དཔལ་འབར་བཅས་རྫོང་༼ ཆུས ༽དྲུག་དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད།

ཐོན་ལས་དབུལ་སྐྱོར་ལས་དོན་སྤེལ་རིང་།  ཆབ་མདོ་གྲོང་ཁྱེར་གྱིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་བཏང་བ་དང་།  ཁྲོམ་རའི་བྱེད་པོ་དང་དབུལ་ཕོངས་དུད་ཚང་གི་ཁེ་སྤོགས་མཉམ་འབྲེལ་ལམ་སྲོལ་ཧུར་ཐག་འཛུགས་པ།  དབུལ་ཕོངས་དུད་ཚང་ལ་འབབ་འཕར་བརྟན་པོ་ཡོང་རྒྱུར་སྐུལ་ཁྲིད་དང་རོགས་པ་བྱེད་པ་བཅས་བྱས་པས།  གྲོང་ཚོ་ཚང་མར་ཐོན་ལས་ཡོད་པ་དང་དུད་ཚང་ཚང་མར་རྣམ་གྲངས་ཡོད་པ།  མི་ཚང་མར་ཡོང་འབབ་ཡོད་པ་བཅས་ཀྱི་ཐོན་ལས་དབུལ་སྐྱོར་གྱི་རྣམ་པ་ཞིག་ཆགས་པ་རེད།  ད་ལོའི་སྤྱི་ཟླ་དྲུག་པའི་ཟླ་མཇུག་བར་ཆབ་མདོ་གྲོང་ཁྱེར་གྱིས་འདེབས་འཛུགས་ལས་རིགས་དང་གསོ་སྤེལ་ལས་རིགས།  ལས་སྣོན་ལས་རིགས།  རིག་གནས་ཡུལ་སྐོར་ལས་རིགས།  ཚོང་ལས་ཉོ་ཚོང་ལས་རིགས།  ཐོན་ལས་གསར་སྤེལ་རིགས་ཀྱི་དབུལ་སྐྱོར་ཐོན་ལས་བཅས་ཀྱི་རྣམ་གྲངས ༧༦༩ ལས་འགོ་བཙུགས་པ་དང་།  ཁྱོན་མ་དངུལ་སྒོར་དུང་ཕྱུར ༦༢ ལྷག་ཙམ་བཏང་ནས་ཐོན་ལས་རྣམ་གྲངས ༥༧༢ ལེགས་སྒྲུབ་བྱས་པ།  མ་དངུལ་སྒོར་དུང་ཕྱུར ༥༠ ལྷག་ཙམ་བཏང་ནས་མི ༥༠༠༠༠ ལྷག་དབུལ་གྲོལ་ཐུབ་པ་བཅས་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]