ལྷོ་ཁས་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོཌ་ལས་ཞུགས་ལས་གཏོད་ཐུབ་རྒྱུར་རོཌ་རམ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷོ་ཁ་གྲོང་ཁྱེར་གྱིས་ལས་ཞུགས་དང་ལས་གཏོད་ལས་ཀར་མཐོང་ཆེན་པོ་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ལས་ཞུགས་དང་ལས་གཏོད་ཐུབ་རྒྱུར་རོགས་རམ་བྱས་ཡོད་པ་དང་།  ཞིང་འབྲོག་པ་མང་ཚོགས་ལ་རྩལ་ནུས་གང་རུང་ཞིག་ཤེས་ཐུབ་པ་བྱ་ཆེད།  ལྷོ་ཁ་གྲོང་ཁྱེར་གྱིས་གཅིག་བསྡུས་ཐོག་སྦྱོང་བརྡར་འཛིན་གྲྭ་གཉེར་ནས་རིགས་གཅིག་མཁས་པ་གདན་ཞུས་བྱས་ཏེ།  སློབ་ཚན་འཁྲིད་པ་དང་ཕྱི་ལོག་ཏུ་སྦྱོང་བརྡར་ལ་གཏོང་བ་སོགས་ཀྱི་བྱེད་སྒོ་གཉེར་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན།  ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་སྦྱོང་བརྡར་མ་དངུལ་སྒོར་ཁྲི་ཚོ ༢༠༠༠ ལྷག་ཙམ་བཏང་ནས་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མང་ཚོགས ༣༠༠༠ ལྷག་ཚུད་པའི་ངལ་ནུས ༡༠༠༠༠ ལྷག་ཙམ་ལ་རིགས་ཁག་གི་སྦྱོང་བརྡར་སྤྲད་པ་དང་།  སྦྱོང་བརྡར་ཚད་གཞི་ལོན་ཚད་བརྒྱ་ཆ ༩༥ ཟིན་པ་དང་སྦྱོང་བརྡར་ནང་ཞུགས་རྗེས་ལས་ཞུགས་ཐུབ་ཚད་བརྒྱ་ཆ ༧༠ ཡན་ཟིན་ཡོད།  མང་ཚོགས་རྣམས་སྔ་ཙམ་ལས་ཞུགས་ཐུབ་པ་དང་གང་མགྱོགས་ལས་ཞུགས་ཐུབ་པ་བྱ་ཆེད།  ན་ནིང་ལྷོ་ཁ་གྲོང་ཁྱེར་གྱིས་དཔྱིད་རླུང་བྱ་སྤྱོད་ཅེས་པ་དང་ལས་ཞུགས་རོགས་སྐྱོར་ཟླ་བ་ཞེས་པ།  དམངས་གཉེར་ཁེ་ལས་ཀྱི་གདན་ཞུའི་གཟའ་འཁོར་ཞེས་པ་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་མི་རྒྱུན་ཐོན་ཁུངས་ཀྱི་ངོ་འཕྲད་གྲོས་མོལ་བྱེད་སྒོ།  སློབ་ཆེན་སློབ་ཐོན་སློབ་མའི་གདན་ཞུའི་བྱེད་སྒོ་བཅས་ཡག་པོ་གཉེར་བ་དང་ཆབས་ཅིག་དོན་དངོས་དང་ཟུང་འབྲེལ་བྱས་ནས།  རྩེད་ཐང་གྲོང་ཁུལ་གནས་སྤོས་དབུལ་སྐྱོར་དུད་ཚང་གི་ཆེད་དོན་གདན་ཞུའི་བྱེད་སྒོ་གཉེར་ཏེ་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་བ་རེད།  དེ་དང་ཆབས་ཅིག་ལས་དོན་སྤེལ་སྟངས་གསར་གཏོད་བྱས་ནས་ཁེ་ལས་དང་བྱ་གཞག་ཚན་པར་གཟབ་སྐྱོད་ངང་ལས་གནས་ཆ་འཕྲིན་བསྡུ་རུབ་བྱས་ནས།  མང་ཚོགས་ལ་ལས་ཞུགས་ཆ་འཕྲིན་མཁོ་འདོན་བྱས་ཡོད།  བསྡོམས་རྩིས་བརྒྱབ་པར་གཞིགས་ན།  ན་ནིང་ཁེ་ལས་དང་བྱ་གཞག་ཚན་པ་ལྔ་བཅུ་ལྷག་ཙམ་ལ་གཟབ་སྐྱོད་བྱས་ནས་ལས་གནས་ཆ་འཕྲིན ༣༢༡ བསྡུ་རུབ་བྱས་ཏེ།  དམིགས་ས་ཡོད་པའི་སྒོ་ནས་མི་ཐེངས ༥༣༣ ལ་ལས་ཞུགས་ཞབས་ཞུ་སྒྲུབ་པ་དང་ངལ་རྩོལ་པ་མི་ཐེངས ༡༠༠༠ ལྷག་ཙམ་ལ་རྗེས་བསྙེགས་ཞབས་ཞུ་སྒྲུབ་པ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]