རང་ལྗོངས་ཀྱིས་ཐེམ་ཁུངས་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་གཏོང་བའི་ལས་དོན་སྔར་ལས་ལྷག་པ་སྒྲུབ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-20

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༨ ཉིན།  རྒྱལ་ཡོངས་ཐེམ་ཁུངས་ལམ་ལུགས་བསྒྱུར་བཅོས་སྐུལ་སྤེལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ནས་ཐེམ་ཁུངས་ལམ་ལུགས་བསྒྱུར་བཅོས་ལས་དོན་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེ་མོ་ཅུན་རྣམ་གཉིས་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་ཡོད་པ་རེད།  ཀྲོང་ཡན་གྱིས་ཐེངས་འདིའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱས་ཏེ་རང་ལྗོངས་ཀྱི་ཐེམ་ཁུངས་ལམ་ལུགས་བསྒྱུར་བཅོས་ཀྱི་གོམ་སྟབས་རྗེས་མའི་ལས་དོན་ལ་སྐུལ་སྤེལ་གཏོང་རྒྱུའི་ཐད་བཀོད་སྒྲིག་གནང་བ་རེད།
ཀྲོང་ཡན་ནས།  སྤྱི་ལོ ༢༠༡༤ ལོ་ནས་བཟུང་རྒྱལ་ཡོངས་སུ་ཐེམ་ཁུངས་ལམ་ལུགས་བསྒྱུར་བཅོས་ལས་དོན་སྤེལ་ཚུན།  རང་ལྗོངས་ཀྱི་ཐེམ་ཁུངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་སྔར་བས་མཐོ་རུ་ཕྱིན་ནས་སྡོད་གནས་ལག་ཁྱེར་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་པ་དང་ནོར་སྲིད་ཀྱི་འགན་སྲུང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་མ་ཟད།  སྡོད་ཁང་འགན་སྲུང་མ་ལག་དེ་བས་འཐུས་སྒོ་ཚང་དུ་ཕྱིན་ནས་གྲོང་ཁྱེར་དུ་ཐེམ་བསྒྱུར་ཐུབ་མཁན་ཞིང་པའི་གཞི་རྩའི་སྤྱི་པའི་ཞབས་ཞུ་བརྟན་པོའི་ངང་མཐོར་གཏོང་ཐུབ་ཡོད་ཅེས་གསུངས་པ་རེད།
ཀྲོང་ཡན་ནས།  ས་ཁུལ་ཁག་དང་ཚན་པ་ཁག་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་གཅིག་གྱུར་མཐུན་སྦྱོར་དང་ཕྱོགས་བསྡུས་ཇུས་འདོན།  གཞོགས་འདེགས་དམ་ཟབ།  རང་འགན་གཙང་སྒྲུབ་བཅས་ཀྱི་སྒོ་ནས་ཐེམ་ཁུངས་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལས་དོན་ཁག་སྔར་བས་ཡག་པོ་སྒྲུབ་དགོས་པ་དང་།  ལས་ཀའི་གཙོ་གནད་མངོན་ཆེར་འཛིན་ཏེ་སྡོད་གནས་ལག་ཁྱེར་ལམ་ལུགས་ཁྱབ་ཚད་ཆེ་རུ་དང་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ།  ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཐེམ་ཁུངས་དོ་དམ་ཆ་འཕྲིན་ཅན་དུ་འཛུགས་པའི་ཆུ་ཚད་མཐོ་རུ་གཏོང་དགོས་པ།  རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་བབ་བསྟུན་དང་རང་མོས་ཀྱི་རྩ་དོན་གཞིར་བཟུང་།  ཞིང་འབྲོག་མང་ཚོགས་དང་དེ་མིན་གྱི་རྒྱུན་སྡོད་བྱེད་མཁན་ཚོ་གྲོང་ཁྱེར་དང་གྲོང་རྡལ་དུ་ཐེམ་བསྒྱུར་བྱེད་རྒྱུར་ཁྲིད་སྟོན་ལུགས་མཐུན་བྱས་ཏེ།  རང་ལྗོངས་ཀྱི་ཐེམ་ཁུངས་ལམ་ལུགས་བསྒྱུར་བཅོས་ལ་ཕན་འབྲས་གསར་པ་ཐོན་པ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། །

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]