ལོ་སྟོད་དུ་རང་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི༡༣༤༠ལྷག་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་དུང་ཕྱུར༡༤༩ལྷག་ཟིན།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་གསར་འགོད་པར་རང་སྐྱོང་ལྗོངས་ཡུལ་སྐོར་གོང་འཕེལ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།  སྤྱི་ལོ ༢༠༡༩ ལོའི་ལོ་སྟོད་དུ་རང་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི ༡༣༤༠ ལྷག་ལ་སྣེ་ལེན་ཞུས་པའི་ནང་།  ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི ༡༡.༨༦ ལྷག་དང་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི ༡༣༢༩ ལྷག་ཟིན་པ་དང་།  ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར ༡༤༩ ལྷག་ཟིན་པ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༩.༨ འཕར་ཡོད།

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་འབྲོག་མ་གྲོང་ཚོ་དེ་ཉིད་རྒྱལ་ལམ ༡༠༩ རྒྱུད་ཀྱི་ཉེ་འགྲམ་དུ་གནས་སྤོས་པ་བརྒྱུད།  གྲོང་ཚོའི་བདེ་སྐྱིད་བོད་ཁྱིམ་ཞེས་པའི་ཞིང་ཁྱིམ་མགྲོན་ཁང་དུ་ཞག་སྡོད་བྱེད་མཁན་ཡུལ་སྐོར་བ་མང་པོ་ཡོང་གི་ཡོད་པ་དང་།  ད་ལོའི་དུས་ཚིགས་དང་པོར་ཡུལ་སྐོར་བ་མི་ཐེངས ༧༠༠༠ ལྷག་ལ་སྣེ་ལེན་ཞུས་ཡོད།  ཞིང་ཁྱིམ་མགྲོན་ཁང་དེས་སྲིད་གཞུང་དང་ཁེ་ལས།  མཉམ་ལས་ཁང་བཅས་ཟུང་དུ་འབྲེལ་བའི་ཐོན་ལས་དབུལ་སྐྱོར་རྣམ་པ་བཟུང་གི་ཡོད་པས།  ཡུལ་སྤོས་དུད་ཚང་བརྒྱའི་གྲོང་མི ༤༡༣ ལས་ཞུགས་ཐུབ་ནས་འབབ་འཕར་བྱུང་བ་དང་།  ཡུལ་སྐོར་ཐོན་ལས་ནང་ཞིང་འབྲོག་པ་དེ་བས་མང་བ་ཞུགས་རྒྱུར་ཕན་པ་ཆེན་པོ་ཐོབ་ཡོད།

བོད་དུ་ཡུལ་སྐོར་ལ་ཡོང་མཁན་མང་པོས་བོད་ཀྱི་རིག་གནས་ཉམས་ལེན་བྱེད་འདོད་ཆེན་པོ་བྱེད་ཀྱི་ཡོད་པས།  ལྷ་ས་གྲོང་ཁྱེར་གྱིས་བཏོད་པའི་དངོས་ལྗོངས་ཟློས་གར་ཆེ་གྲས་རྒྱ་བཟའ་ཀོང་ཇོ་ཞེས་པ་དེ་ཡུལ་སྐོར་བ་མང་པོ་ཞིག་ལྷ་སར་སླེབས་རྗེས་ཀྱི་ངེས་པར་དུ་བལྟ་དགོས་པའི་ལེ་ཚན་ཞིག་ཏུ་གྱུར་ཡོད།  དེང་སྐབས།  རྒྱ་བཟའ་ཀོང་ཇོ་ཞེས་པར་འཁྲབ་སྟོན་པ་དང་ལས་བཟོ་པ་ཁྱོན ༨༠༠ ལྷག་ཡོད་པའི་ནང་ས་ཆ་དེ་གའི་ཞིང་འབྲོག་པས་བརྒྱ་ཆ ༩༥ བཟུང་ཡོད་པ་དང་།  ཁོང་ཚོས་ཉིན་མོར་ཞོར་ལས་དང་ཞིང་ལས་བྱེད་ཀྱི་ཡོད་པ་དང་།  དགོང་མོ་འཁྲབ་སྟོན་ནང་ཞུགས་ཀྱི་ཡོད་པས་མི་རེར་ཟླ་རེར་ཆ་སྙོམས་འབབ་འཕར་སྒོར ༤༠༠༠ ཡས་མས་ཡོང་གི་ཡོད།  ལོ་སྟོད་དུ་འཁྲབ་སྟོན་ཐེངས་དྲུག་ཅུ་ལྷག་བྱས་པ་དང་ཡུལ་སྐོར་བ་མི་ཐེངས་ཁྲི ༡༠ ལྷག་ལ་སྣེ་ལེན་ཞུས་པར་པཱ་སེའི་ཡོང་འབབ་སྒོར་ཁྲི ༤༠༠༠ ལྷག་བྱུང་ཡོད།།

  ༼  རྩོམ་སྒྲིག་ང་ག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]