ཕོ་བྲང་པོ་ཏ་ལ་དང་ལྷ་ལྡན་གཙུག་ལག་ཁང་ནས་ཡུལ་སྐོར་བའི་མི་གྲངས་ཚོད་འཛིན་བྱ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་དབར་གྱི་འགལ་བ་ཐག་གཅོད་ནུས་ལྡན་བྱས་ཏེ།  ཚད་གཞི་མཐོ་ཤོས་ཐོག་ནས་སྤྱི་དམངས་ཀྱིས་རིག་དངོས་སྲུང་སྐྱོབ་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་ཁེ་དབང་སྲུང་སྐྱོང་བྱེད་པ་དང་།  ཕོ་བྲང་པོ་ཏ་ལ་སོགས་རིག་གནས་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ཐུབ་པ་བྱ་ཆེད།  སྤྱི་ཟླ ༧ པའི་ཚེས ༢༡ ཉིན་ནས་བཟུང་།  ཕོ་བྲང་པོ་ཏ་ལ་དང་ལྷ་ལྡན་གཙུག་ལག་ཁང་ནས་ཡུལ་སྐོར་བའི་མི་གྲངས་ཚོད་འཛིན་བྱེད་རྒྱུ་རེད།

གསར་འགོད་པས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ཟླ ༧ པའི་ཚེས ༢༡ ཉིན་ནས་བཟུང་།  འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལས་ཡུལ་སྐོར་བའི་མི་གྲངས་ཚོད་འཛིན་བྱེད་རྒྱུ་ཡིན་པས་ཡུལ་སྐོར་བས་ཉིན་གཅིག་གི་སྔོན་ནས་སྒོ་འཛིན་མངགས་ཉོ་བྱེད་དགོས་ཀྱི་ཡོད་པ་དང་།  ཡུལ་སྐོར་བ་ཚོས་ཕོ་བྲང་པོ་ཏའི་གཞུང་ཕྱོགས་དྲ་ཚིགས་ཐོག་ནས་སྒོ་འཛིན་མངགས་ཉོ་བྱེད་པ་དང་།  ཡང་ན་ས་གནས་ས་ཐོག་ཏུ་སྒོ་འཛིན་མངགས་ཉོ་བྱེད་ཆོག་གི་ཡོད་པས།  སྒོ་འཛིན་མངགས་ཉོ་བྱེད་སྐབས་ཡུལ་སྐོར་བས་རང་ཉིད་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་འཁྱེར་ནས་མངགས་ཉོ་བྱེད་པར་ཡོང་དགོས་ཀྱི་ཡོད་པའི་དྲན་སྐུལ་བྱས་ཡོད།

ལྷ་ལྡན་གཙུག་ལག་ཁང་དོ་དམ་ཨུ་ཡོན་ལྷན་ཁང་ནས་ཀྱང་།  སྤྱི་ཟླ ༧ པའི་ཚེས ༢༢ ཉིན་ནས་བཟུང་།  ཉིན་ལྟར་ཞོགས་པའི་ཆུ་ཚོད ༨ དང་སྐར་མ ༣༠ ནས་ཉིན་དགུང་ཆུ་ཚོད ༡༢ པའི་བར་ཡུལ་སྐོར་དུ་ཡོང་མཁན་ཚོས།  ཉིན་གཅིག་སྔ་སྣུར་དུ་ཕྱི་དྲོའི་ཆུ་ཚོད ༣ དང་སྐར་མ ༣༠ ནས་ཆུ་ཚོད ༧ པའི་བར་རང་ཉིད་ཀྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་སྒོ་འཛིན་མངགས་ཉོ་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]