སྤེན་པ་བཀྲ་ཤིས་ནས་རང་ལྗོངས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ༧༠འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་གསར་རྩོམ་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུད། དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་ངོ་དྲུག་ཅུ་འཁོར་བར་དྲན་གསོ་ཞུ་བའི་གུང་ཁྲན་ཏང་ཕེབས་པས་སྡུག་བསྔལ་བདེ་ལ་གྱུར་ཞེས་པའི་ཆེད་དོན་མཚན་ཚོགས་ཀྱི་གསར་རྩོམ་ཉམས་མྱོང་ཐད་ཕྱོགས་བསྡོམས་སྤེལ་རེས་གནང་བ་མ་ཟད།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་གསར་རྩོམ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།

བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་ངོ་དྲུག་ཅུ་འཁོར་བར་དྲན་གསོ་ཞུ་བའི་ཆེད་དོན་མཚན་ཚོགས་ཐོག  ཁོང་གིས་སྒྱུ་རྩལ་རྣམ་པ་བརྒྱུད་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་ངོ་དྲུག་ཅུ་འཁོར་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བསྐྱར་དུ་མངོན་པ་བྱས་པ་དང་།  དུས་རབས་ཕྱེད་ཀ་ལྷག་ཙམ་ནང་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ལུགས་མངོན་པ་བྱས་ཡོད་པ་མ་ཟད།  བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་བཀའ་དྲིན་ཤེས་པ་དང་ཏང་གི་བཀའ་དྲིན་འཚོར་བ།  ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་པའི་འགྱུར་མེད་ཆོད་སེམས་ཀྱང་མཚོན་པར་བྱས་ཡོད་པས།  དེ་ནི་ཉེ་བའི་ལོའི་ཚུན་གྱི་རང་ལྗོངས་ཀྱི་རིག་རྩལ་གསར་རྩོམ་ཁྲོད་མཚན་ཚོགས་ལེགས་པོ་ཞིག་རེད་ཅེས་ནན་གསུངས་གནང་ཡོད།

སྤེན་པ་བཀྲ་ཤིས་ཀྱིས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བཏང་ནས་ལོ་ངོ་དྲུག་ཅུ་འཁོར་བར་དྲན་གསོ་ཞུ་བའི་ཆེད་དོན་མཚན་ཚོགས་ཀྱི་ཉམས་མྱོང་བཟང་པོར་ཕྱོགས་བསྡོམས་ནན་ཏན་བྱས་ཏེ།  མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།  ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་གསར་རྩོམ་ལ་མཐོང་ཆེན་བྱས་ཏེ་རིག་རྩལ་བརྩམས་བྱའི་བསམ་བློ་དང་སྒྱུ་རྩལ།  འཁྲིད་སྟོན་ནུས་པ།  ཤུགས་རྐྱེན་ཐེབས་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་།  མང་ཚོགས་ལ་ཁ་ཕྱོགས་པ་དང་གཞི་རིམ་དུ་དར་སྤེལ་གཏོང་རྒྱུ་རྒྱུན་འཁྱོངས་ཐོག  གཙོ་དོན་མངོན་གསལ་དོད་པ་དང་རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པ།  ལྟ་དོད་ཅིང་ཉན་སྤྲོ་བ་བཅས་ཀྱི་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས།  རྒྱ་ཆེའི་མང་ཚོགས་ཀྱི་དུས་ཆེན་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་།  དགའ་སྤྲོའི་འཁོལ་བའི་དུས་ཆེན་རྣམ་པ་ཞིག་ཧུར་ཐག་གཏོད་དགོས་པའི་ནན་གསུངས་གནང་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]