བོད་དང་ཀྲུང་གོ་པའོ་ཝུ་ངར་ལྕགས་ཚོགས་པ་ཚད་ཡོད་ཀུང་སིའི་དབར་ཁ་གཏད་རོགས་སྐྱོར་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  བོད་ལྗོངས་དང་ཀྲུང་གོ་པའོ་ཝུ་ངར་ལྕགས་ཚོགས་པ་ཚད་ཡོད་ཀུང་སིའི་ཁ་གཏད་རོགས་སྐྱོར་སྐོར་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་དང་།  ཀྲུང་གོ་པའོ་ཝུ་ངར་ལྕགས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི། རྡུང་ཧྲེ་ཀྲང་ཁྲེན་ཏེ་རུང་རྣམ་གཉིས་ཀྱིས་གསུང་བཤད་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཅང་ཇེ་དང་ཁྲེན་ཡུང་ཆི།  དབང་ཧའེ་ཀྲའུ་བཅས་ཚོགས་འདུར་ཕེབས་ཡོད།

ཆེ་དགྲ་ལྷས།  བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་དབུ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་ལས་བྱུང་བ་ཡིན་ལ།  ཀྲུང་གོ་པའོ་ཝུ་ཚོགས་པ་ཚུད་པའི་ཀྲུང་དབྱང་ཁེ་ལས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་དང་སྒེར་སེམས་མེད་པའི་རོགས་སྐྱོར་དང་ཡང་ཁ་བྲལ་ཐབས་མེད།  སླད་ཕྱིན་གྱི་ལས་དོན་ནང་ང་ཚོས་རང་འགུལ་ངང་རོགས་སྐྱོར་དང་ལེན་གྱི་ལས་དོན་ཧུར་ཐག་སྒྲུབ་སྟེ།  ཀྲུང་དབྱང་ནས་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་རོགས་སྐྱོར་གནང་བ་དེ།  རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་དང་ཟུང་འབྲེལ་ཏན་ཏིག་བྱས་ཏེ་དུས་རབས་གསར་པའི་བོད་ལྗོངས་སྤུས་ལེགས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་གསུངས་པ་དང་སྦྲགས།  ང་ཚོས་ཀྲུང་གོ་པའོ་ཝུ་ཚོགས་པའི་བོད་དུ་དབུལ་གྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས།  ཁྱད་ལྡན་ཐོན་ལས་གོང་འཕེལ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་དོན་ཁག་ནང་ཞུགས་ཏེ་མཉམ་ལས་ཁྱབ་ཁོངས་སྔར་བས་རྒྱ་སྐྱེད་བཏང་ནས།  གཉིས་ཕན་མཉམ་ལས་དང་ཐུན་མོང་གོང་འཕེལ།  གཉིས་ཕན་གཉིས་ཐོབ་བཅས་ལ་སྐུལ་འདེད་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས།

ཁྲེན་ཏེ་རུང་གིས།  ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།  རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཇུས་འདོན་གནད་འཕིགས་དང་།  ཐོན་ལས་བོད་སྐྱོར།  རིག་ནུས་བོད་སྐྱོར།  མི་རིགས་མཐུན་སྒྲིལ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བཅས་ལ་དེ་བས་མཐོང་ཆེན་བྱས་ནས་ཁ་གཏད་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ།  ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་ཏན་ཏིག་སྒྲུབ་རྒྱུ་མ་ཟད་ད་ཡོད་ཀྱི་མཉམ་ལས་རྨང་གཞི་བཟང་པོར་བརྟེན་པ་དང་།  བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཕྱོགས་གཉིས་པོའི་དབར་འབྲེལ་བ་དང་ཕྱོགས་ཡོངས་སྦྲེལ་མཐུད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས།  ཐུན་མོང་ཐོག་ཕྱོགས་གཉིས་པོའི་མཉམ་ལས་ཐད་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]