གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ལྷོ་རྒྱུད་དང་དབུས་ཤར་རྒྱུད་དུ་སྔར་བཞིན་ཆར་པ་མང་པོ་འབབ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གསར་འགོད་པས་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།  གཟའ་འཁོར་འདིའི་ནང་།  རང་ལྗོངས་ཀྱི་ལྷོ་རྒྱུད་དང་དབུས་ཤར་རྒྱུད་དུ་སྔར་བཞིན་ཆར་པ་མང་པོ་འབབ་རྒྱུ་རེད།  གཟའ་འཁོར་འདིའི་ནང་།  ཉིང་ཁྲི་དང་ལྷོ་ཁ།  གཞིས་རྩེ་བཅས་སུ་བསྟུད་མར་ཆར་པ་འབབ་རྒྱུ་དང་དེ་མིན་གྱི་གྲོང་ཁྱེར༼ས་ཁུལ༽དུ་གཟའ་འཁོར་འདིའི་དུས་སྔ་ཙམ་དང་གཟའ་མཇུག་ཏུ་ཆར་པ་མང་པོ་འབབ་རྒྱུ་རེད།  རེས་གཟའ་ཟླ་བ་དང་མིག་དམར་ཉིན།  ཉིང་ཁྲི་དང་ལྷོ་ཁ།  གཞིས་རྩེ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་ས་ཆ་ཁ་ཅིག་ལ་ཆར་པ་ཆེན་པོ་འབབ་རྒྱུ།  ནག་ཆུའི་ཤར་རྒྱུད་དང་ཆབ་མདོ།  ལྷ་སར་ཆར་པ་ཆུང་བ་འབབ་རྒྱུ་དང་དེ་མིན་ས་ཆར་ཆར་པ་འབྲིང་པ་འབབ་རྒྱུ།  རེས་གཟའ་ལྷག་པ་ནས་པ་སངས་བར།  གཞིས་རྩེའི་ལྷོ་རྒྱུད་དང་ལྷོ་ཁའི་ལྷོ་རྒྱུད།  ཉིང་ཁྲི་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ།  གཟའ་མཇུག་ཏུ་ཉིང་ཁྲི་དང་ལྷ་ས།  ལྷོ་ཁ།  གཞིས་རྩེ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་།  ས་ཆ་ཁ་ཅིག་ལ་ཆར་པ་ཆེ་བ་འབབ་རྒྱུ།  ནག་ཆུ་དང་ཆབ་མདོ།  མངའ་རིས་བཅས་སུ་ཆར་པ་ཆུང་བའམ་འབྲུག་ཆར་འབབ་རྒྱུ།  ས་ཆ་ཁ་ཅིག་ལ་ཆར་པ་འབྲིང་པ་འབབ་རྒྱུ་བཅས་རེད།

འབྲེལ་ཡོད་ཕྱོགས་ནས་གཟའ་འཁོར་འདིའི་ནང་ཆ་སྙོམས་ཆར་པ་འབབ་ཚད་རན་པོ་ཡིན་ན་ཡང་།  ཆར་དུས་ཚུགས་པས་རང་ལྗོངས་ཀྱི་ལྷོ་རྒྱུད་དང་ཤར་རྒྱུད་དུ་ཆར་པ་འབབ་ཚད་ཆེ་བས་འབྲུབ་སྐྱོན་དང་རི་ཉིལ་བ།  འདམ་རུད་སོགས་གནོད་འཚེ་ཐོན་རྒྱུར་སྔོན་འགོག་བྱེད་དགོས་པ་དང་།  ཞིང་ཁུལ་དུ་ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན་རྒྱག་པ་དང་རོང་སའི་ཁུལ་གྱི་ཆུ་བཤངས་རྒྱུར་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]