གཞིས་རྩེ་གྲོང་ཁྱེར་གྱིས་ཁྱད་ལྡན་ཐོན་ལས་གོང་འཕེལ་བཏང་བའི་རྣམ་པ་གསར་པ་ཞིག་གཏོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-07-30

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ད་ལོའི་ཚུན་དུ།  གཞིས་རྩེ་གྲོང་ཁྱེར་གྱིས་ཐོན་ཁུངས་ལེགས་ཆ་དང་ཁྱད་ལྡན་ཐོན་ལས།  ཐོན་ལས་ཆེ་གྲས་བདུན་བཅས་ཀྱི་ཁྱབ་ཚུལ་ལ་གཞི་ཚུགས་ནས་བྱེད་ནུས་ཆེ་བ་དང་ཁྲོམ་རའི་མདུན་ལམ་ཡག་པ།  ཐོན་ལས་སྦྲེལ་མཐུད་ལེགས་པ།  སྐུལ་ཁྲིད་རང་བཞིན་བཟང་བ།  ཁྱད་ཆོས་མངོན་གསལ་དོད་པ།  ས་ཆ་དེ་གའི་ཐོན་ཁུངས་དང་འཚམས་པ།  དཔལ་འབྱོར་གོང་འཕེལ་གྱི་སྐུལ་འདེད་ནུས་པ་ཆེ་བ་བཅས་ཀྱི་རྣམ་གྲངས་ཁག་ཅིག་ལེགས་སྒྲིག་བྱས་པ་རེད།  དེའི་ནང་རྣམ་གྲངས་ཁག་ཅིག་ལེགས་སྒྲིག་གསོག་ཉར་བྱེད་པ་དང་རྣམ་གྲངས་ཁག་ཅིག་དྲིལ་བསྒྲགས་འོས་སྦྱོར་བྱེད་པ།  རྣམ་གྲངས་ཁག་ཅིག་ལས་འགོ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་རྣམ་པ་གསར་པ་ཞིག་གཏོད་པ་དང་ཆབས་ཅིག  ཁེ་ལས་ཀྱི་དཀའ་གནད་སེལ་རོགས་བྱས་ཏེ་ཕན་འབྲས་ཆེ་ལ་ཞབས་ཞུ་ལེགས་པའི་ཚོང་འགུག་གི་ཁོར་ཡུག་ཞིག་གཏོད་ཡོད།  ད་ལོའི་སྤྱི་ཟླ ༦ པའི་བར་གཞིས་རྩེ་གྲོང་ཁྱེར་གྱིས་གསར་སྐྲུན་རྣམ་གྲངས ༢༩ དང་འཕྲོ་སྐྱོང་རྣམ་གྲངས ༤༠ ཚུད་པའི་ཚོང་འགུག་རྣམ་གྲངས ༦༩ ལས་འགོ་ཚུགས་པར་མ་དངུལ་སྒོར་དུང་ཕྱུར ༡༧.༡ དོན་འཁྱོལ་བྱུང་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]