ད་ལོའི་ཚུན་དུ་རང་ལྗོངས་ཀྱིས་བྱ་ཐབས་དེ་བས་ནུས་ལྡན་བཟུང་སྟེ་ཞིང་འབྲོག་པ་ལས་མིའི་གླ་ཆ་དུས་ཐོག་ཏུ་སྤྲོད་ཐུབ་རྒྱུ་འགན་སྲུང་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-13

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  གསར་འགོད་པས་རང་ལྗོངས་ཀྱི་འབྲེལ་ཡོད་ཚན་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ད་ལོའི་ཚུན་དུ་རང་ལྗོངས་ཀྱི་མི་རྒྱུན་དང་ཁྲིམས་འཛིན།  ནོར་སྲིད།  དེ་བཞིན་གྲོང་ཁྱེར༼ ས་ཁུལ ༽ཁག་གི་འབྲེལ་ཡོད་ཚན་པས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ།  དངུལ་ཁང་ནས་ཞིང་འབྲོག་པ་ལས་མིའི་གླ་ཆ་ཚབ་སྤྲོད་དང་གླ་ཆ་ཆད་འགྱངས་ཀྱི་གྱོད་དོན་ལྟ་སྐུལ་གཉེར་སྒྲུབ།  ཁེ་ལས་ཀྱི་ཡིད་རྟོན་གདེང་འཇོག་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་ཞིང་འབྲོག་མང་ཚོགས་ལས་མིའི་གླ་ཆ་དུས་ཐོག་ཏུ་སྤྲོད་ཐུབ་རྒྱུ་འགན་སྲུང་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།  ད་ལོའི་ཚུན་དུ་ལྷོ་ཁ་དང་ཉིང་ཁྲི་སོགས་གྲོང་ཁྱེར་གྱིས་ཞིང་འབྲོག་མང་ཚོགས་ལས་མིའི་དངོས་མིང་ལམ་ལུགས་དོ་དམ་དང་དངུལ་ཁང་གིས་ཚབ་སྤྲོད་བྱེད་རྒྱུའི་ལས་དོན་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་ཆབས་ཅིག  ལྗོངས་ཡོངས་ཀྱི་ཁྲིམས་ལུགས་རོགས་སྐྱོབ་ཚན་པས་ངལ་ནུས་ཀྱི་རྩོད་གླེང་དང་ཞིང་འབྲོག་མང་ཚོགས་ལས་མིའི་གླ་ཆ་ཆད་འགྱངས་ཀྱི་གྱོད་གཞི ༣༤༤ བདག་སྤྲོད་བྱས་པའི་ནང་གྱོད་གཞི ༡༤༤ གྱོད་ཐག་བཅད་ཟིན་པས་དཔལ་འབྱོར་གྱོང་གུན་སྒོར་ཁྲི་ཚོ ༣༨༠༠ ལྷག་ཙམ་གསབ་ཐུབ་པ་བྱུང་བ་དང་།  དེང་སྐབས་གྱོད་གཞི ༢༠༠ གཉེར་སྒྲུབ་བྱེད་བཞིན་ཡོད།  ལྗོངས་ནོར་སྲིད་ཐིང་གིས་ལྗོངས་ཡོངས་ཀྱི་སྤྱི་ལོ ༢༠༡༩ ལོའི་ཁག་དང་པོའི་ཞིང་པ་ལས་མིའི་གླ་ཆ་དུས་འགྱངས་ཆད་ལུས་བྱེད་མཁན་གྱི་ཐོ་ནག་ཡོངས་བསྒྲགས་བྱེད་རྒྱུ་མ་ཟད་ཚུལ་མིན་བྱ་སྤྱོད་ཀྱི་མིང་ཐོའི་ནང་འཇུག་རྒྱུ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]