འཇམ་དཔལ་གྱིས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་སྐོང་ཚོགས་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་གྱིས་མི་དམངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་སྐོང་ཚོགས་གནང་ནས།  རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལིའུ་ཡུང་ཧྥུ་བོད་དུ་ཕེབས་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུའི་བསམ་འཆར་ཐད་ལྗོངས་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཁག་གི་བཟོ་བཅོས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་གྲོས་འགོ་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག  རང་ལྗོངས་ཀྱི་དབུལ་སྐྱོར་གསར་སྤེལ་གྱི་གནས་སྐབས་ལག་བསྟར་སྲོལ་ཡིག་བཟོ་རྒྱུ་དེས་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་རྒྱུ་དང་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་རྒྱུར་ནུས་པ་གལ་ཆེན་ལྡན་ཡོད།  འབྲེལ་ཡོད་ལས་ཁུངས་ཁག་གིས་སྲོལ་ཡིག་དེ་ཁྲིམས་བཞིན་བཅོས་སྐྱོང་དང་ཁྲིམས་བཞིན་དབུལ་བཅོས་ཀྱི་གལ་ཆེའི་དམ་འཛིན་བྱེད་ས་ཞིག་ལ་རྩིས་ནས།  ཁྲིམས་བཞིན་དབུལ་སྐྱོར་གསར་སྤེལ་གྱི་འགན་འཁྲི་སྒྲུབ་པ་དང་དབུལ་སྐྱོར་གསར་སྤེལ་གྱི་བྱ་སྤྱོད་ཚད་ལྡན་བཟོས་ཏེ།  དབུལ་སྐྱོར་གསར་སྤེལ་གྱི་ལས་ཀའི་ནུས་པ་ཆེ་རུ་དང་སྤུས་ཚད་ལེགས་སུ་གཏོང་དགོས་པའི་མཛུབ་སྟོན་བྱས་ཡོད།

ཚོགས་འདུའི་ཐོག  ཚན་པ་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་སྔར་བས་ཆེ་རུ་བཏང་ནས་རང་ལྗོངས་ཀྱི་ནས་དང་འབྲི་གཡག  ཡུལ་སྐོར་བཅས་ཐོན་ལས་ཀྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་བདེ་འཁོད་གཏོང་རྒྱུ་དང་དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ལེན་པ།  གྲོང་གསེབ་དར་རྒྱས་གཏོང་བ་བཅས་ཀྱི་ཁྲོད་བཟུང་བའི་གལ་ཆེའི་གནས་བབ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ།  རང་ལྗོངས་འདི་ཉིད་རྒྱལ་ཁབ་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་རྟེན་གཞི་གལ་ཆེན་ཞིག་ཏུ་མགྱོགས་པོ་སྐྲུན་དགོས་པའི་ངོས་འཛིན་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]