པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་བྱང་ཐང་འཆར་ཅན་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུཌ་མཛད་སྒོར་ཞུཌ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནག་ཆུར་སྤྱི་ལོ ༢༠༡༩ ལོའི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་ལ་ཞུགས་གནང་བ་རེད།

པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་མངའ་རིས་སུ་བསྟན་དོན་དང་སྤྱི་ཚོགས་བྱེད་སྒོ་ཁག་ལེགས་པར་གྲུབ་རྗེས་སྤྱི་ཟླ ༨ པའི་ཚེས ༤ ཉིན་ནག་ཆུར་ཕེབས་འབྱོར་བྱུང་བ་རེད།  ནག་ཆུར་བཞུགས་རིང་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་སྔ་རྗེས་སུ་ཉི་མ་རྫོང་གི་འོམ་བུ་དགོན་དང་དཔལ་མགོན་རྫོང་གི་གནམ་མཚོའི་བྱང་ངོས།  གསེར་རྙེད་ཆུས་ཀྱི་ཞབས་བརྟན་དགོན་པ་བཅས་སུ་གནས་གཟིགས་དང་དབང་བསྐུར།  ཕྱག་དབང་བཅས་གནང་བ་མ་ཟད་ས་ཆ་དེ་གའི་དབུལ་སྐྱོར་ཐོན་ལས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ལས་དོན་ལ་བརྟག་ཞིབ་གནང་བ་རེད།  སྤྱི་ཟླ ༨ པའི་ཚེས ༨ ཉིན་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས་ནག་ཆུ་གྲོང་ཁྱེར་གྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་མི་དང་བཞུགས་མོལ་གནང་བ་རེད།  པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ནས་ཉེ་བའི་ལོའི་རིང་ཕ་ཡུལ་གྱི་གོང་འཕེལ་དང་འགྱུར་ལྡོག་ལ་བསྔགས་བརྗོད་ཆེན་པོ་གནང་བ་དང་།  ནག་ཆུ་གྲོང་ཁྱེར་གྱི་ནང་བསྟན་མཐུན་ཚོགས་ཀྱི་ལས་ཀར་གདེང་འཇོག་མཐོ་པོ་གནང་བ་མ་ཟད།  ནག་ཆུའི་ནང་བསྟན་མཐུན་ཚོགས་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་མིས་ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་སྲོལ་རྒྱུན་དར་སྤེལ་གཏོང་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་ནས།  དགོན་སྡེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་སྣེ་ཁྲིད་དེ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ།  སྤྱི་ཚོགས་བརྟན་ལྷིང་བཅས་ཡོང་བ་བྱེད་རྒྱུ་དང་།  དད་སེམས་དང་ཆོས་སྲོལ།  རིགས་གཞུང་བཅས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བསྟན་དོན་དང་འདུལ་ཁྲིམས་ནང་གི་སྤྱི་ཚོགས་ཞི་མཐུན་དང་དུས་རབས་ཡར་རྒྱས།  སྤྱི་ཚོགས་ཤེས་དཔལ་བཅས་ལ་ཕན་པའི་ནང་དོན་སྔོག་འདོན་དང་འཆད་འགྲེལ་གཏིང་ཟབ་བྱས་ཏེ།  བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་འཚམ་མཐུན་ཡོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་ལམ་བུའི་ཐོག་མཐའ་གཅིག་ཏུ་སྐྱོད་རྒྱུའི་ཐུགས་རེ་ཡང་གནང་བ་རེད།

རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་བསྟན་ཁོ་དང་སྒྲུབ་ཁང་ཐུན་བསྟན་མཁས་གྲུབ་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]