ཆབ་མདོའི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་དམ་པ་དོན་གཉེར་ངང་མང་ཚོཌ་འབབ་འཕར་ཡོང་བ་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-15

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་དོན་ཁག་བརྒྱད་པ་སྤེལ་ཚུན།  ཆབ་མདོའི་གྲོང་ཚོ་ཁག་ཏུ་བཅའ་སྡོད་ལས་དོན་རུ་ཁག་གིས་དབུལ་གྲོལ་འགག་སྒྲོལ་གྱི་ལས་འགན་དང་དམ་པོར་བསྟུན་པ་དང་།  མངགས་གཏོང་ཚན་པའི་ལེགས་ཆར་གཞི་ཚུགས་ཏེ་མ་དངུལ་དང་རྣམ་གྲངས་མཐུན་སྦྱོར་ཧུར་ཐག་བྱས་ནས།  དབུལ་སྐྱོར་ལས་དོན་དེ་ལྟོ་གོས་རྣམ་པའི་དབུལ་སྐྱོར་ནས་གོང་འཕེལ་རྣམ་པའི་དབུལ་སྐྱོར་ཕྱོགས་སུ་འགྱུར་བ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།  དེ་དང་ཆབས་ཅིག་དུས་རབས་གསར་པའི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་ལས་ཀའི་གཙོ་གནད་ལས་འགན་བདུན་ལ་གཞིགས་ནས།  ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱེད་པའི་བརྒྱུད་རོགས་ཁྲིད་གསུམ་དང་ཤེས་དཔལ་ཤང་གྲོང་འཛུགས་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཡོད།

ད་བར་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས།  དབུལ་སྐྱོར་གནད་འཕིགས་དང་དབུལ་གྲོལ་གནད་འཕིགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་ཐེངས ༣༦༠༠ བྱས་པ་དང་དབུལ་སྐྱོར་དྲིལ་བསྒྲགས་དཔྱད་གཞི་ཁྲི་ཚོ ༡༤ ལྷག་ཙམ་བཀྲམ་པ།  སྒྲོམ་སྟེགས་དྲིལ་བསྒྲགས་ཐེངས ༥༣༧ གཉེར་བ་བཅས་བྱས་པས་མང་ཚོགས་མི་ཐེངས་ཁྲི་ཚོ ༡༤.༡ ལ་སློབ་གསོ་ཐེབས་པ་དང་།  ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་ ༡༠༠༠༠ ཙམ་གྱི་མི ༥༡༦༠༠ དབུལ་གྲོལ་ཐུབ་པ།  མཉམ་སྡེབ་དཔལ་འབྱོར ༥༢༢ དང་ཆེད་ལས་མཉམ་ལས་ཁང་ ༢༡༣ འཛུགས་རོགས་བྱས་པས་མི ༢༣༤༠༠ ལ་འབབ་འཕར་བརྟན་པོ་བྱུང་བ།  དབུལ་ཕོངས་མང་ཚོགས་ལ་རྩལ་ནུས་སྦྱོང་བརྡར་ཐེངས ༥༣༦ སྤྲད་པས་མི ༧༨༠༠ གནས་བསྒྱུར་ལས་ཞུགས་ཐུབ་ནས་འབབ་འཕར་སྒོར་ཁྲི་ཚོ ༡༢༧༨ བྱུང་བ་བཅས་རེད།

དཔའ་ཤོད་རྫོང་གླིང་དཀར་ཤང་འབྱོར་བཅུ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས།  མ་དངུལ་སྒོར་ཁྲི་ཚོ ༡༣༢ གྲབས་གསོག་བྱས་ཏེ་འབྱོར་བཅུ་གྲོང་ཚོར་སོ་ཕག་བཟོ་གྲྭ་བཙུགས་པ་མ་ཟད།  བྱེ་རྡོ་སྔོག་འདོན་འཕྲུལ་འཁོར་སོགས་སྒྲིག་ཆས་ཉོ་སྒྲུབ་བྱས་པ་རེད།  ལྷོ་རོང་རྫོང་རྔུལ་ཤོད་ཤང་གི་ཚེ་ཆུང་གྲོང་ཚོ་དང་རྒྱ་ཤོད་གྲོང་ཚོ།  མདའ་སྟེང་གྲོང་ཚོ་བཅས་སུ་བཅའ་སྡོད་ཆབ་མདོ་གྲོང་ཁྱེར་ནགས་ཚལ་དང་རྩྭ་ཐང་ཅུད་ཀྱི་ལས་དོན་རུ་ཁག་གིས།  མ་དངུལ་སྒོར་ཁྲི་ཚོ ༥༠༠ ཙམ་བཏང་ནས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཐད་མཁོ་དགོས་ཆེ་བའི་རྣམ་གྲངས་གསུམ་མཐུན་སྦྱོར་དོན་འཁྱོལ་བྱེད་རོགས་བྱས་པ་དང་།  སྐྱེ་ཁམས་ནགས་གླིང་དང་དཔལ་འབྱོར་ནགས་གླིང་།  ལྕང་སོན་ར་བ་སོགས་རྣམ་གྲངས་ལྔ་བསྐྲུན་རོགས་བྱས་པས་ཞིང་འབྲོག་མང་ཚོགས ༡༩༠༠ ལྷག་ཙམ་ལ་ཕན་པ་ཐོགས་ཡོད།

རི་བོ་ཆེ་རྫོང་ས་མདོ་གྲོང་རྡལ་འཛར་ཐང་ཁ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བརྒྱུད་རོགས་ཁྲིད་གསུམ་གྱི་བྱེད་སྒོ་རྒྱུན་མཐུད་སྤེལ་ཏེ།  གྲོང་ཚོའི་ལས་བྱེད་པའི་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་རྒྱུའི་ཐད་འབད་བརྩོན་བྱས་པ་དང་དགོས་མཁོ་ལྟར་ཚོགས་སྒྲིག་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས།  གཙོ་ཁྲིད་དང་གཅིག་གཏད་གཅིག་གི་རོགས་ཁྲིད་བྱས་པ་རེད།  རི་བོ་ཆེ་རྫོང་མཁར་དམར་མདོ་ཤང་མཁར་དམར་མདོ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་སྒ་རྒྱལ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་པ་ཁྱིམ་མཚེས་དབར་གྱི་མཐུན་སྒྲིལ་དང་རོགས་རེས།  འཆམ་མཐུན་བཅས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེ་བཏང་བ་དང་ཤེས་དཔལ་གུས་ལུགས་ཀྱི་སྲོལ་བཟང་དར་སྤེལ་བཏང་ནས་གོམས་གཤིས་བཟང་པོ་འཇགས་པ་བྱས་ཏེ།  གྲོང་ཚོའི་ལས་བྱེད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཤེས་དཔལ་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]