ལྗོངས་ཡོངས་ཀྱི་གཞི་རིམ་སྲིད་གྲོས་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༥ ཉིན་ལྗོངས་ཡོངས་ཀྱི་གཞི་རིམ་སྲིད་གྲོས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་དང་།  ཚོགས་འདུའི་ཐོག་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་མ་ཟད།  ལྗོངས་ཏང་ཨུད་ཀྱིས་རང་ལྗོངས་སྲིད་གྲོས་ལས་ཀའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས་ཉེ་བའི་ལོའི་རིང་གི་ལྗོངས་ཡོངས་ཀྱི་གཞི་རིམ་སྲིད་གྲོས་ལས་ཀའི་གནས་ཚུལ་ལ་ཕྱོགས་བསྡོམས་བྱས་པ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་གཡས་ཤན་ནས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀའོ་ཡང་དང་ཝང་ཡཱ་སླིད།  སངས་རྒྱས་གྲགས་པ།  སྒྲོལ་དཀར།  ལེ་ཀུད་ལུང་བཅས་ཚོགས་འདུར་ཕེབས་ཡོད།
ཏིང་གཡས་ཤན་ནས་མི་དམངས་སྲིད་གྲོས་ལམ་ལུགས་དེ་བས་འཐུས་ཚང་དང་གཏན་འཁེལ་ཡོང་བ་དང་།  ཆེད་མངག་གྲོས་མོལ་ཚན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པར་ངེས་པར་དུ་གཞི་རིམ་སྲིད་གྲོས་ཀྱི་འགན་འཁྲིའི་ངེས་གནས་དང་འོས་འགན་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས་པ།  དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་ཀའི་གཞི་རྩའི་ཁྱབ་བཀོད་དང་།  ཉམས་མྱོང་དང་བྱ་ཐབས།  རིན་ཐང་འཛིན་ཕྱོགས།  འཐབ་ཇུས་ལམ་བུ།  ཐབས་ལམ་བྱ་ཐབས་བཅས་ཁོང་དུ་ཆུད་པ་བྱས་ནས།  དུས་རབས་གསར་པའི་བོད་ཀྱི་གཞི་རིམ་སྲིད་གྲོས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བ་ནི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གོ་བ་ཡག་པོ་བླངས་ཏེ་ལག་ལེན་ཡག་པོ་བསྟར་ཐོག  ཏང་གི་གཞི་རིམ་སྲིད་གྲོས་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་དང་།  རྒྱུན་སྲིང་ལྷོད་མེད་ངང་བསམ་བློར་རིག་གཞུང་གི་གོ་རྟོགས་སྤྲོད་རྒྱུར་ཤུགས་སྣོན་བརྒྱབ་ནས།  འགན་འཁུར་དོན་གཉེར་ངང་འགན་སྒྲུབ་ལས་ཀའི་སྤུས་ཚད་མཐོ་རུ་གཏོང་བ་དང་ལས་ཀའི་སྤྱོད་ཚུལ་རྒྱུན་མཐུད་ལེགས་བཅོས་བྱེད་པ།  རྨང་གཞི་བརྟན་པོས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།  གཞི་རིམ་སྲིད་གྲོས་ལས་ཀར་མཛུབ་ཁྲིད་རོགས་རམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ།  ལྗོངས་ཡོངས་ཀྱི་སྲིད་གྲོས་ལས་ཀ་རྒྱུན་ཆད་མེད་པར་གསར་གཏོད་གོང་འཕེལ་ཡོང་རྒྱུར་སྐུལ་སྤེལ་གཏོང་རྒྱུ་དེར་ཐུག་ཡོད་ཅེས་ནན་གསུངས་གནང་བ་རེད།
ཚོགས་འདུའི་ཐོག་ད་དུང་རྒྱལ་ཡོངས་ས་གནས་སྲིད་གྲོས་ལས་ཀའི་ཉམས་མྱོང་སྤེལ་རེས་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་རིག་གཞུང་ཞིབ་གྲོས་ཚོགས་འདུ་དང་།  ཞིང་ཆེན་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཁག་ཅིག་གི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་ཧྲུའུ་ཅི་ཝུའུ་དབྱིང་ཇེ་ཡི་སྲིད་གྲོས་ལས་ཀའི་མཛུབ་ཁྲིད་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]