པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་གཟིགས་སྐོར་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་གཟིགས་སྐོར་གནང་བ་རེད།

པཎ་ཆེན་རིན་པོ་ཆེ་མཆོག་གིས་འགྲེམས་ཁང་དུ་ཕེབས་སྐབས་འགྲེམ་དངོས་དག་ལ་ནན་ཏན་ངང་གཟིགས་པ་དང་འགྲེལ་བཤད་གསན་ཞིང་།  ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་པ་དང་།  དམངས་གཙོའི་བཅོས་བསྒྱུར་ལེགས་སྒྲུབ་བྱས་པ།  སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱས་པ་བཅས་ཀྱི་ལོ་རྒྱུས་ཀྱི་མཛད་རྗེས་ཆེ་མོར་མྱོང་ཚོར་ཟབ་མོ་གནང་ཡོད།

ད་ལོ་པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་དུ་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སྤེལ་གནང་སྐབས།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་ ༦༠ འཁོར་བའི་དུས་སུ་འཁེལ་ཡོད།  དམིགས་བསལ་གྱི་དུས་འདིར་པཎ་ཆེན་རིན་པོ་ཆེ་མཆོག་ཕ་ཡུལ་དུ་ཕེབས་པ་ནི་ཏང་གི་སྲིད་ཇུས་བོད་དུ་རྩ་བ་ཚུགས་ནས་འབྲས་བུ་ཐོན་ཚུལ་དང་།  བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བར་མྱོང་རོལ་གནང་ཆེད་རེད།  ཁོང་ནས་ཆོས་ལུགས་ལས་རིགས་དང་དད་ལྡན་མང་ཚོགས་དང་འབྲེལ་བ་ཟབ་མོ་དང་རྒྱ་ཁྱབ་ཐོག་སྤེལ་རེས་ཧུར་ཐག་གནང་སྟེ།  རང་ཉིད་ཀྱི་ཕྲག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་དེ་བས་ཡག་པོ་སྒྲུབ་རྒྱུར་རྨང་གཞི་འདིང་རྒྱུ་ཡིན་ཞེས་གསུངས།

པཎ་ཆེན་རིན་པོ་ཆེ་མཆོག་གིས་ཆོས་ཕྱོགས་དང་སྤྱི་ཚོགས་ཀྱི་བྱེད་སྒོ་སོགས་སྤེལ་གནས་མང་པོ་ཞིག་ཏུ།  གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡོང་མི་སྲིད་པ་དང་།  ལོ་ངོ་ ༦༠ ཡི་གོང་དམངས་གཙོའི་བཅོས་བསྒྱུར་མེད་ན་ད་ལྟའི་བོད་ཀྱི་གོང་འཕེལ་ཡར་རྒྱས་ཡོང་མི་སྲིད་ལ་བོད་བརྒྱུད་ནང་བསྟན་གྱི་ད་ལྟའི་དབེན་གནས་སྒོམ་སྒྲུབ་དང་བསྟན་དོན་ལམ་ལྷོངས་སོགས་ཀྱི་རྣམ་པ་ཡང་ཡོང་མི་སྲིད།  དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་རྒྱ་ཆེའི་ཞིང་བྲན་ཚོར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ཁྱིམ་རང་བདག་དང་རང་ལུས་རང་དབང་ཐོབ་པ་དང་།  རང་ཉིད་ཀྱི་ལས་དབང་སྟངས་འཛིན་ཐུབ་ཀྱི་ཡོད། 
བོད་བརྒྱུད་ནང་བསྟན་ནི་ད་ཆ་ཆབ་སྲིད་ཀྱི་ཡོ་བྱད་ཅིག་མ་ཡིན་པར་མི་དམངས་ལ་ཞབས་ཞུ་དང་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་མཁན་ཞིག་རེད།  རྒྱ་ཆེའི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་བོད་ཀྱི་གོང་འཕེལ་དེ་གུང་ཁྲན་ཏང་གི་དབུ་ཁྲིད་དང་ཁ་བྲལ་ཐབས་མེད་པར་ངོས་འཛིན་གཏིང་ཟབ་ཡོང་བ་བྱས་ནས།  དེ་བས་འོད་སྟོང་འབར་བའི་མདུན་ལྗོངས་ཆེད་དུ་ཏང་གི་དབུ་ཁྲིད་ལ་སྔར་བས་བརྩི་བཀུར་བྱས་ཏེ།  ཐུན་མོང་ཐོག་དེ་བས་མཛེས་སྡུག་ལྡན་པའི་བོད་ཀྱི་མ་འོངས་གཏོད་དགོས་པའི་ནན་གསུངས་གནང་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]