རང་ལྗོངས་ཀྱིས་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༥ ཉིན།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ནོར་བུ་དོན་གྲུབ་ཀྱིས།  རང་སྐྱོང་ལྗོངས་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྟེ།  ཞིང་ཆེན་རིམ་པའི་སྲིད་གཞུང་གི་སྤྱི་ལོ ༢༠༡༨ ལོའི་ཐོན་སྐྱེད་བདེ་འཇགས་དང་མེ་ཟོན་ལས་ཀའི་ཞིབ་དཔྱད་སྐོར་ཞིབ་གནས་ཚུལ་བརྡ་ཁྱབ་བཏང་བ་དང་།  ལྗོངས་ཡོངས་ཀྱི་དེང་སྐབས་ཐོན་སྐྱེད་བདེ་འཇགས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།

ཚོགས་འདུའི་ཐོག་རིམ་ཁག་ཚན་པ་ཁག་གིས་ཐོན་སྐྱེད་བདེ་འཇགས་ལས་དོན་ཐད་གནས་པའི་ཞན་ཆའི་ལྷུ་ཚིགས་ཞིབ་བསྡུར་རྩད་གཅོད་བྱེད་པ་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐོན་སྐྱེད་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་བརྡ་ཁྱབ་བླང་བྱར་གཞིགས་ཏེ་ཐོན་སྐྱེད་བདེ་འཇགས་ཀྱི་སྔོན་འགོག་དང་།  ཕྱོགས་བསྡུས་བཅོས་སྒྲིག  རྨང་གཞི་འཛུགས་སྐྲུན།  དྲིལ་བསྒྲགས་སློབ་གསོ་བཅས་ཀྱི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ།  བདེ་འཇགས་བརྟན་ལྷིང་གི་ཐོན་སྐྱེད་ཁོར་ཡུག་ཞིག་གཏོད་ཐོག་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]