ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གིས་བོད་དུ་བདེ་ཐང་དབུལ་སྐྱོར་གྱི་ལས་དོན་ཤུཌ་ཆེ་སྤེལ་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གིས་སྤྱི་ཚེས ༡༦ ཉིན་ལྷ་སར་བདེ་ཐང་དབུལ་སྐྱོར་གྱི་སྒྲོམ་གཞིའི་གྲོས་མཐུན་བཞག་པ་དང་།  གྲོས་མཐུན་གཞིར་བཟུང་སླད་ཕྱིན་གྱི་ལོ་ལྔའི་ནང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གིས་བོད་དུ་རྒྱང་བསྟེན་གསོ་རིག་ས་ཚུགས ༤༥ བསྐྲུན་རོགས་བྱས་ནས།  བོད་ཀྱི་རྫོང་རིམ་པ་ཡན་གྱི་གཞུང་བཙུགས་སྨན་ཁང་ལ་ཁྱབ་ཐུབ་པ་བྱེད་རྒྱུ་ཡིན་པ་དང་།  སྨན་ཁང་དེས་ད་དུང་རིན་མེད་ངང་རྒྱང་བསྟེན་གསོ་རིག་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་རེད།
བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གི་དབུ་འཛིན་རེན་གོ་ཇོན་ནས།  བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གིས་བོད་ཀྱི་རྫོང་རིམ་པ་ཡན་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི ༤༥ ཡིས༢ཚད་གཞི་དང་མཐུན་པའི་ཚོད་ལྟ་ཁང་བསྐྲུན་རོགས་བྱེད་རྒྱུ་དང་།  ལྗོངས་མི་དམངས་སྨན་ཁང་གསུམ་པར་ཁ་གཏད་རོགས་སྐྱོར་བྱས་ཐོག  འགོས་ནད་ཚན་ཁག་གི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་རྒྱུ་མ་ཟད།  ལོ་ལྟར་རིན་མེད་ངང་རང་སྐྱོང་ལྗོངས་ནས་འདེམས་སྐྱེལ་བྱེད་རྒྱུའི་ཆེད་ལས་ལག་རྩལ་པ་བརྒྱར་ཟབ་སྦྱོང་སྦྱོང་བརྡར་སྤྲོད་རྒྱུ་དང་།  གཞན་ཡང་ཕྱོགས་གཉིས་པོས་ད་དུང་འགོས་ནད་དང་ལས་རིགས་ནད་གཞི་སོགས་ཁྱབ་ཁོངས་ཀྱི་ནད་ཡམས་རིག་པར་བརྟག་དཔྱད་དང་ནད་གཞིར་དབྱེ་ཞིབ་ཞིབ་འཇུག་སོགས་ཀྱི་རོགས་ལས་འགག་སྒྲོལ་བྱེད་རྒྱུ་རེད་ཅེས་ངོ་སྤྲོད་གནང་།
གྲོས་མཐུན་གཞིར་བཟུང་སླད་ཕྱིན་གྱི་ལོ་ལྔའི་ནང་བཅིངས་འགྲོལ་དམག་སྤྱི་ཁྱབ་སྨན་ཁང་གིས།  བོད་ལ་རོགས་སྐྱོར་བྱས་ནས་ནད་གཞི་སྨན་བཅོས་དང་འགོས་ནད་ལྟེ་གནས་འཛུགས་སྐྲུན།  རྒྱང་བསྟེན་སྨན་བཅོས་དྲ་བ་འཛུགས་སྐྲུན།  ཤེས་ལྡན་པ་གསོ་སྐྱོང་།  ཚན་རིག་ཞིབ་འཇུག་གི་གྲངས་གཞི་ཆེ་མོ་མཉམ་སྤྱོད་མཉམ་འབྲེལ་བཅས་ཕྱོགས་དྲུག་ཐད་ནས་བདེ་ཐང་དབུལ་སྐྱོར་ལག་བསྟར་བྱས་ཏེ།  དམག་དམངས་གཞི་གཅིག་ཅན་གྱི་བདེ་ཐང་དབུལ་སྐྱོར་མ་ལག་བཙུགས་ནས་བོད་ཀྱི་ས་ཆ་དེ་གའི་ནད་གཞི་སྨན་བཅོས་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་རོགས་རམ་བྱེད་རྒྱུ་ཡིན་པ་དང་།  དེའི་ནང་ནས་གློ་གཅོང་གི་ནད་དང་ནད་དུག་ཅན་གྱི་མཆིན་ཚད།  གྲུམ་བུའི་ནད།  ཐུམ་འབུའི་ནད།  གྲུམ་བུ་ཚེགས་ཆེན་ནད་བཅས་ནད་གཞི་རིགས་ལྔ་ནི་སྨན་བཅོས་ཀྱི་གཙོ་གནད་དུ་བཞག་ནས་རོགས་རམ་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]