ལྷོ་ཁ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་ཁག་གཅིག་དབར་དང་ཡུལ་སྐོར་བོད་སྐྱོར་གྱི་གྲོས་མཐུན་བཞག

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་ཧུའུ་ནན་དང་ཧུའུ་པེ།  ཨན་ཧུའེ་བཅས་ཞིང་ཆེན་གསུམ་ནས་ལྷོ་ཁ་གྲོང་ཁྱེར་དང་ཁ་གཏད་རོགས་སྐྱོར་གྱི་ཡུལ་སྐོར་བོད་སྐྱོར་གྲོས་མཐུན་བཞག་ནས།  ཐུན་མོང་ཐོག་ལྷོ་ཁའི་ཡུལ་སྐོར་རིག་གནས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རེད།  གྲོས་མཐུན་ལ་གཞིགས་ན།  ཞིང་ཆེན་གསུམ་ནས་ཡུལ་སྐོར་བོད་སྐྱོར་གྱི་ཐོན་ཁུངས་ལ་བརྟེན་ནས་ལྷོ་ཁའི་ཁྱད་ལྡན་ཡུལ་སྐོར་ལས་རིགས་ལ་རྒྱབ་སྐྱོར་ཤུགས་ཆེ་བྱེད་རྒྱུ་རེད། 
ཧུའུ་ནན་གྱི་གྲོང་གསེབ་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་གི་རྡུང་ཧྲི་ཀྲང་ཧོ་ཅིན་ཞུང་གིས།  ལྷོ་ཁའི་ཡུལ་སྐོར་རིག་གནས་ཐོན་ཁུངས་གསར་སྤེལ་གང་ལེགས་སྤེལ་ནས་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་ས་ཞིང་བོག་གཏོང་རྣམ་པའི་ཐོག་ནས།  གྲོང་མི་ཚོའི་ཡོང་འབབ་གསོག་རྒྱུ་དང་ཐོན་ཁུངས་སྣ་ཚོགས་ལེགས་སྒྲིག་གི་གནད་དོན་ཐག་གཅོད་བྱས་ཏེ།  ས་ཆ་དེ་གའི་གྲོང་མི་ཐུན་མོང་ཐོག་གོང་འཕེལ་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།  

ལྷོ་ཁ་གྲོང་ཁྱེར་ཡུལ་སྐོར་གོང་འཕེལ་ཅུས་ཀྱི་ཅུས་ཀྲང་ལོ་ཡོང་གིས་ངོ་སྤྲོད་གནང་བར་གཞིགས་ན།  ད་བར་ལྷོ་ཁ་གྲོང་ཁྱེར་ལ་ཀ་པ་རིམ་པའི་མཛེས་ལྗོངས་ཁུལ ༡༢ དང་གྲོང་གསེབ་ཀྱི་ཁྱིམ་ཚང་མགྲོན་ཁང་ ༤༠༡ དང་།  ཡུལ་སྐོར་ལས་གཉེར་པ ༨༨༦༨ ཡོད།  ཐད་ཀར་ཡུལ་སྐོར་སྣེ་ལེན་ནང་ཞུགས་མཁན་ཞིང་འབྲོག་པ་དུད་ཚང་ ༢༠༧༢ ཀྱི་མི་གྲངས ༥༤༠༠ ཡོད་པར་ཆ་སྙོམས་མི་རེའི་ཡོང་འབབ་སྒོར ༥༤༢༩ ཟིན་པ་རེད།  ད་ལོའི་ལོ་སྟོད་དུ་གྲོང་ཁྱེར་དེ་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༡༧༤.༧ ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་པ་ལས་བརྒྱ་ཆ ༡༧ འཕར་ནས།  ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར ༥.༨༥ ཟིན་པ་དེ་དུས་མཚུངས་པ་དང་བསྡུར་ན་བརྒྱ་ཆ ༦.༤ འཕར་ཡོད།  གོམ་སྟབས་རྗེས་མར་ཡུལ་སྐོར་དང་སྣེ་མང་ཐོན་རྫས་ཟུང་འབྲེལ་ཤུགས་ཆེ་བྱེད་པ་དང་།  རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ལྷོ་ཁའི་ཡུལ་སྐོར་དྲིལ་བསྒྲགས་ཤུགས་ཆེན་སྤེལ་བ་དང་།  རྒྱུན་མཐུད་ངང་ལས་རིགས་ལྟ་སྡོམས་བྱེད་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་རྒྱུ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]