ཀྲོང་ཡན་གྱིས་མངའ་རིས་སུ་ལས་དོན་རྟོག་ཞིབ་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-22

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་མངའ་རིས་ས་ཁུལ་སྒར་དང་རུ་ཐོག་རྫོང་དུ་ཕེབས་ནས།  མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་དབུལ་གྲོལ་འགག་སྒྲོལ་ཐོན་ལས་རྣམ་གྲངས་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། 
སྔ་དྲོའི་ཆུ་ཚོད་དགུ་པར་ཀྲོང་ཡན་དང་བཅས་པའི་དབུ་ཁྲིད་ཚོས་སེང་གེ་ཁ་འབབ་སྔོན་གཤེགས་དཔའ་བོའི་བང་སོར་ཕེབས་ཏེ།  གསར་བརྗེའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས་པ་མ་ཟད།  ཁོང་ནས་སྔོན་གཤེགས་དཔའ་བོའི་མཛད་རྗེས་ཀྱིས་མི་སེམས་གཡོ་འགུལ་དང་སྐུལ་ལྕག་ཐེབས་པ་ཞིག་ཡོད་པས།  ང་ཚོས་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་གུང་ཧྥན་སེང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་སྟེ།  ཐོག་མའི་བསམ་འདུན་སྐྱོང་བ་དང་འགན་འཁྲི་འཁུར་ནས་ས་མཐོར་གཞི་ཚུགས་པ་དང་ལེགས་སྐྱེས་འབུལ་དགོས་པའི་ཐུགས་རེ་གནང་།  

རུ་ཐོག་རྫོང་ལྕགས་སྒང་གྲོང་ཚོ་ནི་མཐའ་མཚམས་གྲོང་ཚོ་ཞིག་ཡིན་པ་དང་དེ་གའི་ཁྱད་ཆོས་ལྡན་པའི་ཁུ་ལུ་དཀར་པོའི་ར་ནི་བྲིན་ཁ་རྒྱུགས་པོ་ཡོད་པས།  གྲོང་མི་ཚོར་ཁེ་ཕན་ཆེན་པོ་ཡོང་གི་ཡོད་པ་མཁྱེན་རྟོགས་བྱུང་རྗེས།  ཀྲོང་ཡན་ནས་དགྱེས་ཚོར་ཆེན་པོས་ཐོན་ཁུངས་ལེགས་ཆ་འདོན་སྤེལ་ཡག་པོ་བྱས་ཏེ།  ཁུ་ལུ་དཀར་པོའི་ར་སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་གོང་འཕེལ་ཧུར་ཐག་དང་བརྟན་པོ་བཏང་ཐོག  རྒྱུན་ཆད་མེད་པར་མཐའ་མཚམས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་།  བདེ་སྣང་བཅས་ཆེ་རུ་གཏོང་དགོས་ཞེས་གསུངས།
ཀྲོང་ཡན་ནས་གྲོང་གསེབ་ཀྱི་གཞུང་ལམ་སོགས་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ས་བབ་ཧ་ཅང་མཐོ་བའི་མང་ཚོགས་སྐྱེ་ཁམས་གནས་སྤོའི་རྣམ་གྲངས་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས།  ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལྟར་དོན་དངོས་ནས་འགོ་འཛུགས་པ་དང་ཡུལ་བབ་ལ་བསྟུན་པ།  གོ་རིམ་ལྡན་པའི་སྒོ་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པའི་ནན་གསུངས་གནང་བ་རེད།  
ཀྲོང་ཡན་ནས་ད་དུང་སྒར་རྫོང་གི་རྒྱ་སྨུག་ཆུ་འདྲེན་ལས་གཞི་དང་སྐྱེ་ཁམས་ཞིང་ལས་སྡེ་གླིང་།  མངའ་རིས་གློག་དྲ་གློག་འདོན་སྒྲིག་བཀོད་འཛུགས་སྐྲུན་བཅས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས།  གལ་ཆེའི་རྣམ་གྲངས་དང་དམངས་འཚོའི་རྣམ་གྲངས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས།  ས་ཆ་དེ་གའི་མང་ཚོགས་ཀྱི་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཏེ་ཁོང་ཚོར་གོང་འཕེལ་ཁྲོད་ཕན་པ་ཐོབ་པ་བྱེད་དགོས་པའི་ནན་གསུངས་གནང་བ་རེད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]