ནག་ཆུས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སྟོབས་ཆེར་བཏང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་སུ་གྲོང་ཚོར་བཅའ་སྡོད་ཁག་བརྒྱད་པའི་ལས་དོན་སྤེལ་འགོ་ཚུགས་ཚུན།  ནག་ཆུ་གྲོང་ཁྱེར་གྱིས་གྲོང་ཚོར་བཅའ་སྡོད་ལས་བྱེད་པ་ཧྲག་འདེམས་བྱས་པ་དང་།  དུས་རབས་གསར་པའི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ཀྱི་ཚོད་ལྟའི་ལས་དོན་གནད་འཕིགས་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོར་གཞིགས་ནས།  འབྲི་རུ་རྗོང་དུ་ཚོད་ལྟའི་ལས་དོན་སྤེལ་བ་དང་གྲོང་ཚོར་བཅའ་སྡོད་སྟོབས་ཤུགས་ཆེ་རུ་བཏང་ཐོག  བྱ་ཐབས་སྣ་ཚོགས་ཐོག་ནས་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་ཁག་གཏིང་ཟབ་སྤེལ་ཡོད། 
ཤེས་རྟོགས་བྱུང་བར་གཞིགས་ན།  ནག་ཆུ་གྲོང་ཁྱེར་གྱིས་སྤྱི་ལོ ༢༠༡༩ ལོར་དབུལ་ཞྭ་ཕུད་རྩིས་ཡོད་པའི་རྫོང་ལྔས་གཙོ་བོའི་ཁ་ཕྱོགས་བྱས་ཏེ།  དཀའ་ངལ་ཆེ་བ་དང་གནད་དོན་མང་བའི་གྲོང་ཚོ༼ སྡེ་ཁུལ ༽༢༠ བདམས་པ་དང་།  ཐོན་ཁུངས་ལེགས་ཆ་ཅུང་མངོན་གསལ་དོད་པའི་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་ཚན་པ ༩ བཀོད་སྒྲིག་བྱས་པ་མ་ཟད།  ཐིང་རིམ་པའི་ལས་བྱེད་མི་སྣ་ལྔས་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་གྱི་འགན་འཁུར་དུ་བཅུག་ཡོད།  གྲོང་ཚོར་བཅའ་སྡོད་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་ཀྱི་ཚན་པ ༡༥ ཡི་ལས་དོན་རུ་ཁག ༣༥ དབུལ་ཞྭ་ཕུད་རྩིས་ཡོད་པའི་རྫོང་༼ ཆུས ༽ལ་འཕར་གཟིགས་བྱས་ཏེ།  མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ནས་ཤིན་ཏུ་དབུལ་བའི་རྫོང་གི་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་ཀྱི་སྟོབས་ཤུགས་སྔར་བས་ཆེ་རུ་གཏོང་བཞིན་ཡོད།
གཞན་ཡང་།  ནག་ཆུ་གྲོང་ཁྱེར་གྱིས་སློབ་འཁྲིད་དང་དཔེ་གཞི་སྤེལ་རེས་ཟུང་འབྲེལ་གྱི་ཐབས་ལམ་ལ་བརྟེན་ནས།  གཞི་རིམ་ལས་བྱེད་པ ༡༡༢ ལ་དབུལ་སྐྱོར་སྲིད་ཇུས་ལས་སྒོའི་སྦྱོང་བརྡར་སྤྲད་ནས།  དབུལ་གྲོལ་འགག་སྒྲོལ་གྱི་སྲིད་ཇུས་བྱ་ཐབས་ལ་དམིགས་པ་དང་རྫོང་རིམ་པའི་ལས་བྱེད་པ་དང་ཁོའོ་རིམ་པའི་ལས་བྱེད་པ།  ཤང་གྲོང་ལས་བྱེད་པ་བཅས་ལ་དབྱེ་ནས་དབུལ་གྲོལ་འགག་སྒྲོལ་གྱི་ཤེས་བྱའི་ཡིག་རྒྱུགས་བཏང་ཡོད།།

  ༼  རྩོམ་སྒྲིག་ནོར་བུ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]