རང་ལྗོངས་ཀྱིས་ཁྱད་ལྡན་ཡུལ་སྐོར་སྤུས་ལེཌ་ཐོན་རྫས་འགྲེམས་ཚོང་དང་གློག་རྡུལ་ཚོང་ལས་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-08-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༡ ཉིན།  རང་ལྗོངས་ནས་ཁྱད་ལྡན་ཡུལ་སྐོར་སྤུས་ལེགས་ཐོན་རྫས་འགྲེམས་ཚོང་དང་གློག་རྡུལ་ཚོང་ལས་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ལས་དོན་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལོ་མེ་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 
ཚོགས་འདུའི་ཐོག  ངོས་འཛིན་མཐོ་རུ་བཏང་ནས་བསམ་བློ་གཅིག་གྱུར་ཡོང་བ་དང་དམིགས་ཚད་ལས་འགན་གཞིར་བཟུང་གཙོ་གནད་ལས་དོན་ལ་དམ་འཛིན་བྱས་ཏེ།  ཁྱད་ལྡན་ཡུལ་སྐོར་སྤུས་ལེགས་ཐོན་རྫས་འགྲེམས་ཚོང་ལས་དོན་ཞིབ་ཚགས་སྤེལ་དགོས་པ་དང་།  གོང་འཕེལ་གྱི་ཞན་ཆར་དམིགས་ཏེ་གློག་རྡུལ་ཚོང་ལས་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་ལས་དོན་གཏིང་གཟབ་སྤེལ་བ།  དམིགས་ཚད་དང་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ།  བྱ་ཐབས་ཞིབ་ཕྲའི་ཐོག་ནས་ཚོང་དོན་གྱི་དམིགས་ཚད་ལས་འགན་ཁག་ལ་དམ་འཛིན་བྱས་ཏེ།  རང་ལྗོངས་ཀྱི་ཚོང་དོན་བྱ་གཞག་སྤུས་ལེགས་གོང་འཕེལ་དང་ད་ཐེངས་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་ཡག་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]