རང་ལྗོངས་ཀྱིས་སྟོན་དགུན་གཉིས་སུ་ནགས་ཚལ་དང་རྩྭ་ཁུལ་གྱི་མེ་ཟོན་སྔོན་འགོག་ལས་ཀ་བཀོད་སྒྲིག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  རྒྱལ་ཡོངས་ཀྱི་སྟོན་དགུན་གཉིས་སུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྔོན་འགོག་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ།  ད་ལོའི་ཚུན་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྔོན་འགོག་ལས་དོན་ཕྱོགས་བསྡོམས་བྱས་པ་དང་བསྟུན་དེང་སྐབས་མེ་ཟོན་སྔོན་འགོག་ལས་འགན་ལ་དབྱེ་ཞིབ་བྱས་ཤིང་།  སྟོན་དགུན་གཉིས་སུ་ནགས་ཚལ་དང་རྩྭ་ཁུལ་གྱི་མེ་ཟོན་སྔོན་འགོག་ལས་ཀ་བཀོད་སྒྲིག་བྱས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་མའོ་ཅུན་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་ཡོད། 
ཚོགས་འདུའི་ཐོག འབྲེལ་ཡོད་ཚན་པ་ཁག་ནས་མེ་ཟོན་སྔོན་འགོག་གི་ལས་ཁུངས་དང་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་།  ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་བཏང་ཐོག་འཕྲལ་སྡོམ་རོགས་སྐྱོབ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་དགོས་པ།  བཀོད་འདོམས་མ་ལག་དང་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ཚན་རིག་དང་མཐུན་པའི་བཀོད་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ།  སྟོབས་ཤུགས་བཀོད་སྒྲིག་ལེགས་སུ་བཏང་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚབས་ཆེན་མི་ཐོན་གོང་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ།  མི་དམངས་མང་ཚོགས་ཚོའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས།  རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་ནུས་ལྡན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]