བོད་ལྗོངས་སློབ་ཆེན་གྱིས་དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-11

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༩ ཉིན།  བོད་ལྗོངས་སློབ་ཆེན་གྱིས་དགེ་རྒན་དུས་ཆེན་ཐེངས ༣༥ པར་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་དང་བསྟུན་དགེ་རྒན་གསར་པས་ལས་ཞུགས་ཀྱི་དམ་བཅའ་བཞག་པ་རེད།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་ཚེ་རིང་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 
ཚོགས་འདུའི་ཐོག  རྒྱུན་དུ་དགེ་བའི་བཤེས་གཉེན་གྱི་ཀུན་སྤྱོད་ཐོག་ནས་སློབ་མ་ཚོར་གཅེས་སེམས་ཟབ་མོ་དང་ཀུན་སྤྱོད་བཟང་པོ།  བརྩེ་བ་ཟབ་མོ་བཅས་དང་ལྡན་པའི་མི་ཞིག་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་།  རྒྱུན་དུ་བྱ་གཞག་ཡར་བརྩོན་གྱི་ཐོག་ནས་ཆེད་ལས་ཀྱི་མཐོང་རྒྱ་དང་འཇོན་ཐང་ཆེ་རུ་གཏོང་དགོས་པ།  རྒྱུན་དུ་སློབ་མར་བྱམས་སྐྱོང་བྱེད་པའི་ཐོག་ནས་སློབ་མའི་བསམ་བློ་དང་སློབ་སྦྱོང་།  འཚོ་བ་བཅས་ལ་དོ་ཁུར་བྱེད་དགོས་པ།  རྒྱུན་དུ་སྤྱི་ཚོགས་ལ་དྲིན་ཚོར་གྱི་ཐོག་ནས་རང་ཉིད་ཀྱི་བྱ་གཞག་ལ་དགའ་ཞེན་དང་མི་ཚེར་དོན་སྙིང་ཡོད་པ།  ཚེ་སྲོག་ལ་རིན་ཐང་ལྡན་པ་བཅས་ཀྱི་མཛུབ་སྟོན་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]