ལྷ་རྩེ་རྫོང་གིས་གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་ཁང་འཛུཌ་སྐྲུན་ཧུར་ཐག་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་བའི་ལོའི་ནང་།  གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གིས་གྲོང་ཚོ་རིམ་པའི་ཚད་ལྡན་ཅན་གྱི་རྩ་འཛུགས་བྱེད་སྒོ་ཁང་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས།  གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ལྟ་བུའི་ནུས་པ་ཐོན་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

ལྷ་རྩེ་རྫོང་གིས་རྣམ་གྲངས་ལེགས་སྒྲིལ་དང་ནོར་སྲིད་ཁ་གསབ་ཀྱི་བྱ་ཐབས་སྤྱད་ནས།  མ་དངུལ་སྒོར་ཁྲི་ཚོ ༡༣༩༠ གཅིག་གྱུར་ཆར་འགོད་ཐོག་ནས་ལེགས་སྒྲིག་བྱས་ཏེ།  གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་ཁང་ ༧ གསར་སྐྲུན་དང་ཡང་ན་རྒྱས་སྐྲུན་བྱས་པ་མ་ཟད།  གཞུང་ལས་སྒྲིག་ཆས་བཀོད་སྒྲིག་བྱས་པ་དང་དོ་དམ་གྱི་སྒྲིག་སྲོལ་ལམ་ལུགས་ཚད་ལྡན་དང་འཐུས་ཚང་དུ་བཏང་ནས།  བྱེད་སྒོ་ཁང་དེ་ཉིད་གཞུང་ལས་གྲོས་མཐུན་དང་དམངས་ཕན་ཞབས་ཞུ།  རིག་གནས་རོལ་རྩེད་བཅས་གཞི་གཅིག་ཅན་གྱི་ཕྱོགས་བསྡུས་ཁང་དུ་བསྐྲུན་པ་དང་ཆབས་ཅིག  ཚན་རིག་དང་མཐུན་པའི་སྒོ་ནས་ཏང་ཡོན་བྱེད་སྒོ་ཁང་དང་ཞིང་ཁྱིམ་དཔེ་དེབ་ཁང་།  རིག་གནས་ལུས་རྩལ་བྱེད་སྒོ་སོགས་དགོས་ངེས་ཀྱི་བྱེད་ནུས་ཁང་བཀོད་སྒྲིག་བྱས་ཤིང་།  གྲོང་ཚོ་རིམ་པའི་རྩ་འཛུགས་བྱེད་སྒོ་ཁང་བཀོད་སྒྲིག་བྱས་ནས།  མང་ཚོགས་ལ་འབྲེལ་བ་བྱེད་པ་དང་ཞབས་འདེགས་ཞུ་བའི་ཐ་མའི་འགག་གནད་གྲོལ་ཐུབ་བ་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]