ལྗོངས་ཡོངས་ཀྱི་ད་ལོའི་དགེ་རྒན་དུས་ཆེན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བ་དང་དུས་རབས་གསར་པར་དགེ་རྒན་ལ་བརྩི་བཀུར་ཞུ་བའི་སྲོལ་བཟང་དར་སྤེལ་གཏོང་ཆེད།  ལྗོངས་ཡོངས་ཀྱི་སྤྱི་ལོ ༢༠༡༩ ལོའི་དགེ་རྒན་དུས་ཆེན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་ནས།  ལྗོངས་ཡོངས་སུ་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་པར་གཟེངས་བསྟོད་བྱས་པ་མ་ཟད།  དགེ་རྒན་རྒན་གྲས་གཟི་བརྗིད་ངང་རྒན་ཡོལ་ཞུ་བའི་མཛད་སྒོ་དང་ལས་གནས་ལ་ཞུགས་མ་ཐག་པའི་དགེ་རྒན་གྱི་དམ་འཇོག་མཛད་སྒོ་འཚོགས་ཤིང་དགེ་རྒན་གྱི་འཐུས་མི ༨ ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེ་མའོ་ཅུན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ནས་ཏང་གིས་དགེ་རྒན་ལས་ཀར་འགོ་ཁྲིད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་།  སློབ་གསོའི་སྟོབས་ཆེའི་ཁུལ་གཏོད་པའི་དམིགས་ཚད་ཀྱི་ཁྲིད་ཕྱོགས་བརྟན་པོ་བཙུགས་ནས་བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་ཞིག་གང་མགྱོགས་གཏོད་དགོས་པ་དང་།  རྒྱ་ཆེའི་དགེ་རྒན་རྣམ་པས་འགན་སེམས་སྔར་བས་ཆེ་རུ་བཏང་སྟེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།  ཏང་དང་མི་དམངས་བློ་ཡིད་འཚིམ་པའི་དགེ་རྒན་བཟང་པོ་ཞིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]