ཀྲོང་ཡན་གྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་དབྱེ་ཞིབ་བཀོད་གཏོང་བརྙན་འཕྲིན་ཁ་པར་ཚོཌ་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༠ ཉིན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ལྗོངས་ཡོངས་ཀྱི་ད་ལོའི་སྤྱི་ཟླ ༡ པོ་ནས ༨ པ་བར་གྱི་དཔལ་འབྱོར་འཁོར་རྒྱུག་དབྱེ་ཞིབ་བཀོད་གཏོང་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་སྟེ།  ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་དབྱེ་ཞིབ་གནང་བ་དང་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།  ཀྲོང་ཡན་ནས་རིམ་ཁག་ཚན་པ་ཁག་གིས་དམིགས་ཚད་ལ་དམ་པོར་བསྟུན་པ་དང་ལས་འགན་ཉུང་དུ་མི་གཏོང་བ། 
ཆོད་སེམས་མི་འགྱུར་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་རྒྱུན་བསྲིང་དང་སྐྱོན་བྲལ།  མགྱོགས་མྱུར་བཅས་ཀྱི་གོང་འཕེལ་ཡོང་བ་བྱས་ཐོག  ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་དགོས་པའི་ནན་གསུངས་གནང་བ་རེད།

ཚོགས་འདུའི་ཐོག  གྲོང་ཁྱེར༼ ས་ཁུལ ༽ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་སྙན་ཞུ་ཉན་པ་དང་།  སྙན་ཞུའི་གནས་ཚུལ་ལ་གཞིགས་ན་ད་ལོའི་སྤྱི་ཟླ ༡ པོ་ནས ༨ པ་བར་རིམ་ཁག་ཚན་པ་ཁག་གིས་དཀའ་གནད་འགག་སྒྲོལ་དང་དངོས་འཛིན་དངོས་སྒྲུབ་བྱས་ཐོག  ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་ཁྱབ་ཁོངས་སུ་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་གོང་འཕེལ་གྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད།  དཔལ་འབྱོར་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་།  སྒུལ་ནུས་གསར་རྙིང་བརྗེ་འགྱུར་མགྱོགས་སུ་ཕྱིན་པ།  དཔལ་འབྱོར་གོང་འཕེལ་གྱི་སྤུད་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ་བཅས་གོང་འཕེལ་གྱི་གྲུབ་འབྲས་ནས་མང་ཚོགས་ལ་ཕན་པ་ཆེན་པོ་ཐོབ་ཡོད།

ཚོགས་འདུའི་ཐོག རིམ་ཁག་ཚན་པ་ཁག་གིས་བརྟན་ཐོག་ཡར་བརྩོན་དང་ཡར་འགྲོ་ཡར་བརྩོན།  ཆད་སྐྱོན་གསབ་པ་བཅས་ཀྱི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས།  འབབ་འཕར་བརྟན་པོ་དང་བསྒྱུར་བཅོས་ལ་སྐུལ་འདེད།  གྲུབ་ཆ་ལེགས་སྒྲིག  དམངས་འཚོར་ཕན་འདོགས་པ།  ཉེན་ཁ་འགོག་པ།  བརྟན་ལྷིང་སྲུང་བ་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་།  ཐོན་ལས་ཆེ་པོ་བདུན་ལ་སྐུལ་སྤེལ་ཤུགས་ཆེ་བཏང་ནས་འཐབ་ཇུས་དང་ནུས་ཤུགས་ཏན་ཏིག་བཏོན་ཏེ་ལོ་འཁོར་མོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱེད་དགོས་ཤིང་།  དངོས་གྲུབ་དང་ཕན་འབྲས་དོན་གཉེར་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཐོན་སྐྱེད་བདེ་འཇགས་ཀྱི་མཐའ་ཚད་དམར་ཐིག་ནན་པོ་སྲུང་ནས།  སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་གོང་འཕེལ་བཏང་སྟེ་ཁྲིད་ཕྱོགས་བྱེད་པའི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་དགོས་པའི་ནན་བཤད་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]