བློ་བཟང་རྒྱལ་མཚན་གྱིས་ལྷ་སར་རྒྱལ་ཡོངས་མི་དམངས་འཐུས་ཚོཌ་ཨའོ་མན་འཐུས་མིའི་བོད་བསྐྱོད་རྟོག་ཞིབ་ཚོཌ་ཆུང་དང་མཇལ་འཛོམས་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་ལྷ་སར།  རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཨའོ་མན་འཐུས་མི་ལས་གྲུབ་པའི་བོད་བསྐྱོད་རྟོག་ཞིབ་ཚོགས་ཆུང་དང་མཇལ་འཛོམས་གནང་བ་རེད།  བློ་བཟང་རྒྱལ་མཚན་ནས་བོད་ལྗོངས་ནི་གནའ་སྔ་མོ་ནས་ཀྲུང་གོ་དང་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞིང་།  བོད་རིགས་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་།  བོད་ལྗོངས་ཀྱི་བདག་དབང་གནད་དོན་ལ་དོགས་འཆར་བྱེད་དགོས་དོན་མེད་ལ་བོད་ཀྱི་མཐུན་སྒྲིལ་བརྟན་ལྷིང་ལ་གཏོར་བཤིགས་གཏོང་མི་རུང་།  བོད་ཀྱི་འཕོ་འགྱུར་ཆེན་པོ་ནི་འཛམ་གླིང་སྐྱེ་བོ་ཀུན་གྱི་མཐོང་ཐོས་སུ་གྱུར་ཡོད།  རླབས་ཆེའི་མེས་རྒྱལ་གྱི་ཞུམ་མེད་རྒྱབ་སྐྱོར་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན།  ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུ་ཁྲིད་བཅས་ཀྱི་འོག་ང་ཚོས་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ལྗོངས་ལེའུ་ཡག་པོ་བརྩོམ་པར་གདེང་ཚོད་དང་ཆོད་སེམས་ཀྱིས་ཁེངས་ཡོད་ཅེས་གསུངས་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཀྲུང་གོ་ཕྱིར་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཨའོ་མན་ས་ཁུལ་ཀྲུང་གོ་ཞི་བདེ་གཅིག་གྱུར་སྐུལ་འདེད་ཚོགས་པའི་ཚོགས་གཙོ་ལེའུ་ཡིས་ལེང་ནས།  བོད་ལྗོངས་ནས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་ཅིག་ཏུ་བྱས་པས།  སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་དང་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་གོང་འཕེལ།  སྐྱེས་ཁམས་ཁོར་ཡུག་ལེགས་པོ་རྒྱུན་འཁྱོངས་བཅས་བྱུང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཏེ།  རྒྱལ་ཡོངས་ཀྱི་བསྒྱུར་འཕེལ་བརྟན་གསུམ་གྱི་སྤྱི་ཡོངས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་དང་སྦྲགས།  བོད་ལྗོངས་ཀྱི་མ་འོངས་སྔར་བས་ལེགས་པ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

མཇལ་འཛོམས་མ་གནང་གོང་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཅུད་ཅན་ཧྭ་དང་རྨུང་ཞའོ་ལིང་སོགས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཨའོ་མན་འཐུས་མིའི་བོད་བསྐྱོད་རྟོག་ཞིབ་ཚོགས་ཆུང་དང་ཞུགས་མོལ་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]