རང་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་ཕན་འབྲས་ལྡན་པའི་ངང་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-12

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོ་སྤེལ་ཚུན།  རང་ལྗོངས་ཀྱིས་བརྗོད་དོན་གཙོ་བོ་དང་དམིགས་ཚད་ལས་འགན་ཐོག་ཚད་གཞི་མཐོ་པོས་འཆར་འགོད་བྱེད་པ་དང་སྤུས་ཚད་ལེགས་པོས་སྐུལ་འདེད་བཏང་སྟེ།  ཕན་འབྲས་ཏན་ཏིག་ཐོན་པ་བྱས་ནས་བསྒྱུར་འཕེལ་བརྟན་གསུམ་ཐད་སྟོབས་ཤུགས་གཅིག་སྒྲིལ་ཐུབ་པ་བྱས་ཡོད།  རང་ལྗོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད།  བརྗོད་དོན་གཙོ་བོར་དམིགས་པ་དང་བསམ་བློའི་གནད་དོན་གཞིར་ཟུང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དེ་གལ་ཆེན་ལ་རྩིས་ཏེ།  སློབ་སྦྱོང་ཡག་པོ་བྱས་ནས་སློབ་སྦྱོང་གི་ཕན་འབྲས་དེ་ཏང་གཤིས་མཐོ་རུ་དང་འཇོན་ནུས་ཆེ་རུ།  སྤྱོད་ཚུལ་བསྒྱུར་བཅོས།  ལས་དོན་སྐུལ་འདེད་བཅས་ཐོག་ནས་མངོན་ཐུབ་པ་བྱས་ཡོད།

བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་ཁྲོད་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གི་ཁོངས་མི་ནས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་དང་སྲུང་སྐྱོང་གཉིས་ཐུབ་པ་བྱེད་རྒྱུ།  ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྒྲིག་ལམ་ནན་པོ་སྲུང་རྒྱུ།  ཆོས་ལུགས་ཀྱི་ཤུགས་རྐྱེན་ངན་པ་སེལ་རྒྱུ་སོགས་ཀྱི་ཆེད་དོན་ཁག ༦ ལ་དམིགས་ཏེ།  དུས་ཡུན་གཟའ་འཁོར་གཅིག་རིང་ཆེད་དོན་ཞིབ་བསྡུར་བྱས་པ་དང་།  ཚན་པ་ཁག་དང་ལས་ཁུངས་ཁག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་ཁར་།  མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཁྱབ་ཁོངས་དེའི་ལས་དོན་སྐོར་གྱི་བཀའ་མཆན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཞིབ་བསྡུར་གཏིང་ཟབ་བྱས་པ་དང་ཆབས་ཅིག  ཏང་གི་སློབ་གྲྭའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་ཡོན་སློབ་གསོའི་སྟེགས་བུ་དང་སློབ་སྦྱོང་དར་བའི་རྒྱལ་ཁབ།  འཕྲིན་ཕྲན་སྤྱི་སྟེགས་སོགས་ཀྱི་སྨྱན་སྦྱོར་གསར་པར་གང་ལེགས་བརྟེན་ནས་སློབ་སྦྱོང་སློབ་གསོའི་དམིགས་གཏད་རང་བཞིན་དང་དུས་ཚོད་རང་བཞིན་ཆེ་རུ་བཏང་སྟེ།  སློབ་སྦྱོང་ནན་ཏན་བྱེད་པའི་རྨང་གཞིའི་ཐོག་དྲི་བ་འདོན་པ་དང་ཡིག་རྒྱུགས་ལེན་པ་སོགས་ཀྱི་བྱ་ཐབས་བརྒྱུད་སློབ་སྦྱོང་གི་ཕན་འབྲས་ལ་དཔྱད་ཞིབ་དང་སྐུལ་འདེད་བཏང་ཡོད།

རང་ལྗོངས་ཀྱིས་ད་དུང་རིགས་གཅིག་མཁས་པའི་གསབ་འཁྲིད་དང་དཔེ་མཚོན་སློབ་གསོ།  གསར་བརྗེའི་སྲོལ་རྒྱུན་སློབ་གསོ་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་སྔོན་ཐོན་ལ་སློབ་སྦྱོང་བྱེད་པ་དང་སྔོན་ཐོན་ལ་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་ཆགས་པ་བྱས་ཡོད།  ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན་དུ།  རང་ལྗོངས་ཀྱི་ཚན་པ་ཁག་དང་ལས་ཁུངས་ཁག་གིས་རིགས་གཅིག་མཁས་པའི་གསབ་འཁྲིད་སྙན་ཞུ་ཐེངས ༤༠༠ ལྷག་ཙམ་བྱས་པ་དང་དུས་བབ་སྲིད་ཇུས་ཀྱི་སློབ་གསོ་ཐེངས ༥༢༠ ལྷག་ཙམ་སྤེལ་ཡོད།

ཏང་གཤིས་ཀྱི་འདུ་ཤེས་ཆེ་རུ་ཕྱིན་པས་རྒྱ་ཆེའི་ཏང་ཡོན་གྱིས་སྔར་བས་རང་རྟོགས་ངང་ཏང་གི་སྒྲིག་ཡིག་སྒྲིག་སྲོལ་དང་སྒྲིག་ལམ་ལ་བརྟེན་ནས།  རང་གཅུན་ཐུབ་པ་དང་འགན་སེམས་ཀྱི་སྙིང་སྟོབས་ཆེ་རུ་ཕྱིན་པས་རྒྱ་ཆེའི་ཏང་ཡོན་གྱིས་སྔར་བས་རང་རྟོགས་ངང་ལོ་རྒྱུས་ཀྱིས་དཀྲིས་པའི་འགན་འཁྲི་འཁུར་ཏེ།  སྔར་བས་ཧུར་སེམས་ཆེན་པོས་ལས་དོན་ནང་ཞུགས་ཐུབ་པ།  འཐབ་རྩོད་ཀྱི་སྙིང་སྟོབས་ཆེ་རུ་ཕྱིན་པས་རྒྱ་ཆེའི་ཏང་ཡོན་གྱིས་འགལ་ཟླ་དང་གནད་དོན་ལ་དམིགས་པ་དང་འཐབ་རྩོད་བྱེད་སྟངས་ཤེས་ནས།  ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་སྒྲུབ་ཆེད་འབད་བརྩོན་ཐུབ་པ་བཅས་བྱུང་ཡོད།

ཏང་ཡོན་ལས་བྱེད་པ་ཚོས་སྲུང་སྐྱོང་གཉིས་ཀྱི་ནང་དོན་ནི་ངེས་གཏན་དང་གཅིག་གྱུར་ཡིན་པ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པའི་བྱ་སྤྱོད་ཐོག་དང་ལས་འགན་གཙང་སྒྲུབ་བྱེད་པའི་ཕན་འབྲས་ཐོག  རྒྱུན་གཏན་གྱི་གཏམ་སྤྱོད་བཅས་ཐོག་ནས་མངོན་ཐུབ་པ་བྱས་ནས་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་དང་གཏན་འབེབས་ལག་བསྟར།  བཀག་སྡོམ་ལག་བལྟར་བཅས་མཐའ་གཅིག་ཏུ་བྱེད་དགོས་པའི་ངོས་འཛིན་གང་ལེགས་བྱས་ཡོད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]