ལྷ་སར་རིག་ནུས་འགྲིམ་འགྲུལ་གློག་བརྡ་དམར་ལྗང་དང་དྭངས་གསལ་པར་རྒྱག་སྒྲིག་ཆས་སྤྱི་ཟླ༡༠པར་སྤྱོད་རྒྱུ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-17

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་བཀོད་འདོམས་ལྟེ་གནས་ཀྱིས་ལའེ་ཏཱ་ལྟ་ཞིབ་ཚད་ལེན་གསར་པ་བེད་སྤྱོད་གཏོང་འགོ་ཚུགས་རྒྱུ་དང་།  ལའེ་ཏཱ་ལྟ་ཞིབ་ཚད་ལེན་གྱི་འགྲིམ་འགྲུལ་གློག་བརྡ་དམར་ལྗང་དང་ཉེན་རྟོག་མགྱོགས་མྱུར་བཀོད་གཏོང་མ་ལག  འཁོར་རིགས་རྗེས་འདེད་མ་ལག་སོགས་དངོས་སུ་འཁོར་སྐྱོད་བྱེད་རྒྱུ་རེད།  གྲངས་གཞི་ཆེ་མོ་གཅིག་བསྡུས་ལྟེ་གནས་ཁྲོད་གཞུང་ལམ་ཐོག་པར་རྒྱག་སྒྲིག་ཆས ༨༧༠ གསར་སྣོན་བྱས་ཏེ།  སྤྱི་སྤྱོད་རླངས་འཁོར་བགྲོད་ལམ་ཐོག་སྒྲིག་འགལ་ངང་བསྐྱོད་པའི་རིགས་པར་ལེན་དང་།  སྒྲིག་འགལ་ངང་འཁོར་རིགས་འཇོག་པ།  ཟོག་འདྲེན་རླངས་འཁོར་འགྲོ་འོང་ཚོད་འཛིན་སོགས་ཚུད་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]