བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་བསྐྱོད་འགྲེམས་སྟོན་ཆབ་མདོར་བྱས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-18

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༡༦ ཉིན་གྱི་སྔ་དྲོ།  གུང་ཁྲན་ཏང་གི་བཀའ་དྲིན་སེམས་ལ་བཅངས་ནས་དུས་རབས་གསར་པར་འབད་འཐབ་ལྷོད་མེད་བྱེད་ཅེས་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་བསྐྱོད་འགྲེམས་སྟོན་ཆབ་མདོ་གྲོང་ཁྱེར་རྟེན་རྫས་བཤམས་མཛོད་ཁང་དུ་སྤེལ་བ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  གུང་ཁྲན་ཏང་གི་བཀའ་དྲིན་སེམས་ལ་བཅངས་ནས་དུས་རབས་གསར་པར་འབད་འཐབ་ལྷོད་མེད་བྱེད་ཅེས་པའི་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་གི་སྐོར་བསྐྱོད་འགྲེམས་སྟོན་དེ་ནི།  བོད་ལྗོངས་འདི་ཉིད་གནའ་སྔ་མོ་ནས་མེས་རྒྱལ་གྱི་བླ་མེད་མངའ་ཁོངས་ནས་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་དང་།  ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་བསྒྱུར་འོག་གི་བོད་རྙིང་པ།  དམངས་གཙོའི་བཅོས་བསྒྱུར།  སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ།  གོམ་ཞེང་ཆེན་པོས་དུས་རབས་གསར་པའི་ཕྱོགས་སུ་སྐྱོད་ཅེས་པ་ཁག་ལྔའི་ནང་དོན་དབྱེ་ཡོད་པ་མ་ཟད་འགྲེམས་སྟེགས་ཀྱང་ ༡༥༣ བཟོས་ཡོད། 
འགྲེམས་སྟོན་བརྒྱུད་ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་འོག་བོད་ལྗོངས་མི་རིགས་ཁག་གི་མི་དམངས་མུན་ནག་གི་གནས་ལས་གྲོལ་བ་དང་།  སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་རྣམ་པ་གསར་པ་མངོན་པར་བྱས་ཡོད་ལ་བོད་ལ་བྱུང་བའི་འགྱུར་ལྡོག་ཆེ་མོ་དང་གྲུབ་འབྲས་ཆེ་མོ་མངོན་པ་བྱས་ཡོད།།
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]