ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་གཞུང་ཚབ་ཁང་གིས་ནེ་པ་ལའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉེ་དུས།  ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་གཞུང་ཚབ་ཁང་གིས་ནེ་པ་ལའི་རྒྱལ་སྟོན་སྣེ་ལེན་ཚོགས་འདུ་འཚོགས་པ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཅང་ཇེ་ཚོགས་འདུར་ཕེབས་ཡོད།  ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་སྤྱི་ཁྱབ་གཞུང་ཚབ་པ་ཀེ་པིང་ཏ་པ་ཧ་ཏོར་ཁར་ཅི་སྣེ་ལེན་ཚོགས་འདུར་ཕེབས་ཡོད་པ་མ་ཟད་ཤིས་ཚིག་ཀྱང་བསྒྲོན་གནང་བ་རེད།

ཅང་ཇེ་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་།  ཧྲུའུ་ཅི་ཝུའུ་དབྱིང་ཇེ།  ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱི་ཚབ་ཞུས་ནས་ནེ་པ་ལའི་རྒྱལ་སྟོན་ལ་རྟེན་འབྲེལ་ཞུས་གནང་བ་མ་ཟད།  ཀྲུང་གོ་དང་ནེ་པ་ལའི་མཛའ་གྲོགས་འབྲེལ་བ་ཡུན་གནས་ཡོང་བའི་སྨོན་འདུན་ཡང་ཞུས་གནང་བ་རེད།  ཅང་ཇེ་ནས་ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཉེ་འཁོར་གྱི་ཕྱི་འབྲེལ་ལས་དོན་སྐོར་གྱི་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་།  ནེ་པ་ལར་རོགས་སྐྱོར་བྱེད་པའི་ཀྲུང་དབྱང་གི་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་པ།  ཕྱོགས་གཉིས་པོའི་ཉོ་ཚོང་དང་རིག་གནས།  ཡུལ་སྐོར།  འགག་སྒོ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ།  ཕན་ཚུན་མ་འཇོག་དང་ཚོང་ལས་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་གྲུབ་འབྲས་མཉམ་སྤྱོད་དང་གཉིས་ཕན་ཡོང་བ་བྱེད་རྒྱུ་ཡིན་ཞེས་གསུངས།

ཀེ་པིང་ཏ་པ་ཧ་ཏོར་ཁར་ཅི་ནས་ཀྲུང་གོ་ཕྱོགས་ནས་ཡུན་རིང་ནང་ནེ་པ་ལར་རོགས་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས།  ནེ་པ་ལ་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་མཐའ་གཅིག་ཏུ་བྱས་ཏེ།  ཕྱོགས་གཏོགས་གང་ཞིག་གིས་ཀྱང་ནེ་པ་ལའི་རྒྱལ་ཁོངས་སུ་ཀྲུང་གོར་ངོ་རྒོལ་གྱི་བྱ་སྤྱོད་སྤེལ་དུ་འཇུག་རྒྱུ་མིན་ཞེས་དང་ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་གི་སྒྲོམ་གཞིའི་འོག་ཉོ་ཚོང་དང་ཡུལ་སྐོར།  འགྲིམ་འགྲུལ་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ།  ཀྲུང་གོ་དང་ནེ་པ་ལའི་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།།

  ༼  རྩོམ་སྒྲིག་གསལ་དགའ། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]