ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུས་ད་ལོའི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་འཚོགས།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-09-23

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༢༠ ཉིན།  ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུས་སྤྱི་ལོ ༢༠༡༩ ལོའི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་འཚོགས་ནས།  ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་དབུལ་སྐྱོར་ཆེད་དངུལ་དང་རང་སྐྱོང་ལྗོངས་ཀྱི་གཅིག་བསྡུས་མ་དངུལ་སྤྲོད་པའི་ལས་ཀའི་འཕེལ་རིམ་སྔར་བས་མགྱོགས་སུ་གཏོང་རྒྱུ་དང་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ། ལྗོངས་དབུལ་གྲོལ་འགག་སྒྲོལ་བཀོད་འདོམས་པུའི་བཀོད་འདོམས་པ་གཞོན་པ་འཇམ་དཔལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། 
ཚོགས་འདུའི་ཐོག  རྣམ་གྲངས་མཛོད་འཛུགས་སྐྲུན་དང་འགུལ་རྣམ་དོ་དམ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་ཐོན་ལས་གྲུབ་ཆ་ལེགས་འགྱུར་ལ་སྣང་ཆེན་བྱེད་པ།  རྨང་གཞིའི་སྒྲིག་བཀོད་ཆུང་གྲས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།  གསོག་ཐེབས་མ་དངུལ་ཕན་བསྒྱུར་ཏན་ཏིག་གཏོང་བ།  མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པ་དང་།  གཅིག་གྱུར་འཆར་འགོད་ངང་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས།  རང་སྐྱོང་ལྗོངས་དང་གྲོང་ཁྱེར༼ ས་ཁུལ ༽  རྫོང་༼ཆུས༽བཅས་རིམ་པ་གསུམ་གྱི་བཀོད་གཏོང་ལམ་སྲོལ་བཙུགས་ཏེ།  དབུལ་སྐྱོར་མ་དངུལ་སྤྲོད་ཚད་ཕྱོགས་ཡོངས་ནས་མགྱོགས་སུ་གཏོང་བ་དང་འགན་འཁྲི་བདའ་འདེད་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]