བསྟན་ཁོས་མཐའ་མཚམས་ཤང་གྲོང་རྡལ་དང་གྲོང་ཚོ་ཨུ་ལྷན་བརྒྱད་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-09

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཉིན་ཤས་གོང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསྟན་ཁོ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དང་མཚོ་སྣ་རྫོང་སླད་ཤང་སོགས་མཐའ་མཚམས་ཤང་གྲོང་རྡལ་དང་གྲོང་ཚོ་ཨུ་ལྷན་བརྒྱད་ལ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བར་ཕེབས་ནས།  གཞི་རིམ་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམ་འདྲི་གནང་བ་རེད། 
ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཅུན་དང་།  ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུལ་ཁྲེང་ཚང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧེ་ཀྲུའུ་བཅས་ཁག་སོ་སོར་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད། 
བསྟན་ཁོས་ང་ཚོས་ངེས་པར་དུ་བརྟན་ལྷིང་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མཐའ་ཚད་ཀྱི་བསམ་བློ་རྒྱུན་འཁྱོངས་དང་རྗེས་ཡོང་སྔོན་དྲན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ།  འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཉེན་ཁའི་འགྲན་སློང་ལ་དོགས་ཟོན་བྱེད་དགོས་པ།  གཞི་རིམ་རྩ་འཛུགས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་ཁྲིམས་ལྟར་ཆོས་ལུགས་བྱ་བར་དོ་དམ་བྱེད་པ་དང་མཐའ་མཚམས་ལ་དོ་དམ་དང་ཚོད་འཛིན་བྱེད་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ།  ཐོན་སྐྱེད་བདེ་འཇགས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱེད་དགོས་པ།  ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དེ་རིམ་པས་གཤམ་སྤེལ་བྱས་ཏེ་ཁྱབ་ཁྱོན་ཆེ་རུ་གཏོང་བ་དང་ཚད་གཞི་དེ་བས་མཐོ་བ།  བླང་བྱ་དེ་བས་ནན་པ།  འགན་སེམས་དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་དོན་དངོས་ཕན་འབྲས་ཐོན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།། 
 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]