རང་ལྗོངས་ཀྱིས་དབུལ་གྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིཌ་བཅོས་སྒྲིག་ལས་དོན་ཏན་ཏིག་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཚེས ༨ ཉིན།  རང་སྐྱོང་ལྗོངས་དབུལ་གྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཚོགས་འདུ་ཐེངས་བདུན་པ་འཚོགས་པ་དང་།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ནོར་བུ་དོན་གྲུབ་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་རྣམ་གཉིས་ཚོགས་འདུར་ཕེབས་ཡོད། 
ཚོགས་འདུའི་ཐོག་རིམ་ཁག་ཚན་པ་ཁག་གིས་སྐོར་གཟིགས་བཅོས་སྒྲིག་ལས་ཀའི་གལ་འགངས་ཤིན་ཏུ་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ།  རྩ་འཛུགས་ནས་འགོ་ཁྲིད་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་དབུལ་གྲོལ་འགག་སྒྲོལ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ།  གཙོ་གནད་དང་དཀའ་གནད་གནད་དོན་དང་གཞན་ཆའི་ལྷུ་ཚིགས་ལ་དམིགས་པ།  སྐོར་གཟིགས་བཅོས་སྒྲིག་ལས་ཀར་མུ་མཐུད་སྐུལ་འདེད་ཤུགས་ཆེ་གཏོང་བ།  ཕྱོགས་ཡོངས་ནས་དབུལ་གྲོལ་འགག་སྒྲོལ་གྱི་ཕན་འབྲས་དང་སྤུས་ཚད་མཐོ་རུ་གཏོང་བ།  དབུལ་གྲོལ་འགག་སྒྲོལ་གྱི་ཕན་འབྲས་བརྟན་དུ་གཏོང་བ་བཅས་བྱེད་དགོས་པའི་མཛུབ་སྟོན་བྱས་པ་རེད། 
ཚོགས་འདུའི་ཐོག་རང་ལྗོངས་སུ་དབུལ་གྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་བཅོས་སྒྲིག་ལས་དོན་དེ་འགག་རྩའི་དུས་སུ་སླེབས་ཡོད་པས།  རིམ་ཁག་ཚན་པ་ཁག་ནས་ཆབ་སྲིད་དང་བྱ་སྤྱོད་ཀྱི་རང་རྟོགས་ངེས་པར་དུ་ཆེ་རུ་བཏང་སྟེ་སྐོར་གཟིགས་བཅོས་སྒྲིག་ལས་ཀར་དམ་འཛིན་ལྷོད་མེད་བྱས་ནས།  སྐོར་གཟིགས་བཅོས་སྒྲིག་གི་དམིགས་ཚད་མི་འགྱུར་བ་དང་ལས་དོན་སྤེལ་ཤུགས་ཆུང་དུ་མི་གཏོང་བ།  སྐོར་གཟིགས་བཅོས་སྒྲིག་གི་བྱེད་པོའི་འགན་འཁྲི་ནན་དུ་བཏང་སྟེ།  གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ངང་དབུལ་གྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ལན་སྤྲོད་གནད་དོན་བཅོས་སྒྲིག་ལ་མུ་མཐུད་དམ་འཛིན་བྱས་ནས།  སྐོར་གཟིགས་བཅོས་སྒྲིག་ལ་ཕན་འབྲས་ཐོན་པ་བྱེད་དགོས་པ་དང་།  ལས་ཀའི་ཁྱོན་ཡོངས་དང་བརྒྱུད་རིམ།  མཐུན་སྦྱོར།  ཕན་འབྲས་བཅས་ཀྱི་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས་པའི་ནན་བཤད་བྱས་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]