རྒྱལ་སྟོན་གུང་གསེང་རིང་རང་ལྗོངས་ལ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར༨.༢བྱུང་ཡོད།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན།  ད་ལོའི་རྒྱལ་སྟོན་གུང་གསེང་རིང་རང་ལྗོངས་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ ༡༥༩.༢༢༨ སྣེ་ལེན་ཞུས་པ་དང་།  ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར ༨.༢༠༣༤ བྱུང་བ་དེ་དུས་མཚུངས་པ་ལས་བརྒྱ་ཆ ༡༨.༢ འཕར་ཡོད།  ལྷ་ས་གྲོང་ཁུལ་གྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང་ལ་འགྲུལ་པ་ཞག་སྡོད་བྱེད་ཚད་བརྒྱ་ཆ ༧༦.༣༧ ཟིན་པ་རེད།  
རྒྱལ་སྟོན་གུང་གསེང་རིང་རང་ལྗོངས་ཀྱིས་ཐབས་ལམ་མང་ཞིང་ཁྱབ་རྒྱ་ཆེ་བའི་བོད་ལྗོངས་ཡུལ་སྐོར་འོས་སྦྱོར་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག  གྲོང་གསེབ་ཡུལ་སྐོར་དང་རིག་གནས་ཡུལ་སྐོར།  དམངས་སྲོལ་ཡུལ་སྐོར་སོགས་ཁྱད་ལྡན་ཡུལ་སྐོར་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་གུང་གསེང་ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་ཇེ་ཚོགས་སུ་བཏང་ཡོད།  
རྒྱལ་སྟོན་གུང་གསེང་རིང་གི་ཡུལ་སྐོར་བདེ་འཇགས་ལྟ་འདོམས་ལས་ཀ་དོན་འཁྱོལ་ཡག་པོ་བྱེད་ཆེད།  གྲོང་ཁྱེར༼ ས་ཁུལ ༽ཁག་ནས་གུང་གསེང་རིང་གི་ཡུལ་སྐོར་གྱི་ཁྲིམ་འཛིན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་།  ལྗོངས་རིག་གནས་ཡུལ་སྐོར་ཐིང་གིས་གུང་གསེང་རིང་གི་ཡུལ་སྐོར་བདེ་འཇགས་ལས་ཀའི་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཙུགས་ཏེ།  ཆེད་དོན་ཞིབ་བཤེར་ཤུགས་ཆེ་སྤེལ་ནས་བོད་དུ་ཡོང་མཁན་ཡུལ་སྐོར་བའི་བདེ་འཇགས་དང་སྤྲོ་སྣང་ལ་འགན་སྲུང་གང་ལེགས་བྱས་ཡོད།། 

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]