རང་ལྗོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་གཏིང་ཟབ་སྤེལ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན།  རང་ལྗོངས་ཚན་པ་ཁག་གིས་གསར་བརྗེའི་ཐོན་ཁུངས་ལ་གང་ལེགས་བརྟེན་པ་དང་།  གསར་བརྗེའི་སློབ་གསོར་ཤུགས་སྣོན་རྒྱག་པ།  གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པ།  གསར་བརྗེའི་སྲོལ་རྒྱུན་དར་སྤེལ་གཏོང་བ།  གསར་བརྗེའི་སྙིང་སྟོབས་རྒྱུན་འཇིན་བྱེད་པ།  བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན།  ཤུགས་རྐྱེན་ཐེབས་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་ཚུན།  རང་ལྗོངས་ཚན་པ་ཁག་གིས་གསར་བརྗེའི་སློབ་གསོའི་རྟེན་གཞིར་བལྟ་སྐོར་བྱེད་པ་དང་།  སློབ་སྦྱོང་སྙན་ཞུའི་ཚོགས་འདུ་འཚོགས་པ་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་ཏང་ཡོན་ལས་བྱེད་པའི་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་བརྒྱབ་ཡོད།

ལྷོ་ཁ་གྲོང་ཨུད་རྒྱུན་ཨུད་ཀྱིས་བོད་ཀྱི་དམངས་གཙོའི་བཅོས་བསྒྱུར་གྱི་གྲོང་ཚོ་དང་པོ་ཁེ་གསུམ་གྲོང་ཚོར་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ལེན་བྱས་ཏེ།  གསར་བརྗེའི་སྔོན་བྱོན་པས་བོད་ཀྱི་བསྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཐད་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་ཚུལ་མྱོང་རོལ་བྱས་པ་མ་ཟད།  སྙན་ཞུའི་ཚོགས་འདུ་ཡང་འཚོགས་ནས་དམག་སྡེ་བཅོ་བརྒྱད་པའི་རྗེས་རབས་པ་གདན་ཞུས་བྱས་ཏེ་མི་སེམས་འགུལ་བའི་སྔོན་ཐོན་བྱས་རྗེས་སྙན་ཞུ་བརྒྱུད།  རང་རེའི་ཏང་གི་སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་མིག་བལྟས་པ་དང་།  གསར་བརྗེའི་སྔོན་བྱོན་པའི་ཕུགས་བསམ་དད་སེམས་བརྟན་པོ་དང་འགན་འཁུར་ཕོད་པའི་སྙིང་སྟོབས།  ལས་ཀའི་སྤྱོད་ཚུལ་བཟང་པོ་བཅས་རྒྱས་བཤད་གཏིང་ཟབ་བྱས་ཡོད།

ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཨུད་རྒྱུན་ཨུད་ཚན་ཁག་ཁོངས་མི་དང་གྲོང་ཁྱེར་རིམ་པའི་འགོ་ཁྲིད་བློ་མཐུན་སྒྲིག་འཛུགས་བྱས་ནས།  གཅིག་བསྡུས་ཐོག་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་བལྟ་སྐོར་བྱས་ཏེ།  ཏང་ཞུགས་དམ་བཅའ་བསྐྱར་འཇོག་བྱས་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་བོད་ཀྱི་ལོ་རྒྱུས་མི་བརྗེད་པ་དང་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་རྒྱུར་དཔེ་སྟོན་སྣེ་ཁྲིད་བྱས་ཡོད།  ད་དུང་སྔོན་ཐོན་བྱས་རྗེས་སྒྲོག་འགྲེལ་བྱས་པ་བརྒྱུད།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ལས་གཏོད་ཀྱི་སྤྲོ་སེམས་སྔར་བས་འཕེལ་བ་དང་།  ཐོག་མའི་བསམ་འདུན་སྐྱོང་བ་དང་འགན་འཁྲི་འཁུར་བའི་ཆབ་སྲིད་ཀྱི་རང་རྟོགས་ཆེ་རུ་བཏང་ཡོད།

མངའ་རིས་ས་ཁུལ་གྱིས་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ།  གསར་བརྗེའི་བརྩམས་བྱ་ཞིང་འབྲོག་ཁུལ་དུ་ཁྱབ་སྤེལ་དང་།  གསར་བརྗེའི་དཔེ་དེབ་ལས་ཁུངས་སུ་བཀྲམས་པ།  གསར་བརྗེའི་སློབ་གསོ་རྟེན་གཞིར་སྤེལ་བ།  སྔོན་སྐྱོད་ལམ་དུ་བསྐྱར་དུ་བསྐྱོད་དེ་མངའ་རིས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ།  གུང་ཧྥན་སན་གྱི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ་གུང་ཧྥན་སན་ལྟ་བུའི་ལས་བྱེད་པ་བཟང་པོ་ཞིག་བྱེད་པ་བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ།  རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཐོག་མའི་བསམ་འདུན་སྐྱོང་བ་དང་འགན་འཁྲི་ཕྲག་ཏུ་འཁུར་རྒྱུར་ཁྲིད་སྟོན་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]