ཆེ་དགྲ་ལྷས་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-10

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

སྤྱི་ཟླ ༡༠ པའི་ཚེས ༨ ཉིན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  ཚོགས་འདུའི་ཐོག་ལམ་རིན་བསྡུ་བའི་གཞུང་ལམ་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱས་ཏེ།  མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་སྦྲེལ་མཚམས་ཀྱི་ལམ་རིན་བསྡུ་ས་མེད་པ་བཟོ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་ཇུས་གཞི་དང་།  དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར།  ཉིང་ཁྲི་རྒྱ་ལ་གྲོང་ཚོ་རྒྱུད་ཀྱི་ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་གེགས་རྗེས་སླར་གསོ་བསྐྱར་སྐྲུན།  དུག་རྫས་གཏན་འགོག་ལས་དོན་སྤེལ་རྒྱུ་སོགས་ལ་ཞིབ་འཇུག་བྱས་ཡོད།

ཚོགས་འདུའི་ཐོག་ལམ་རིན་བསྡུ་བའི་གཞུང་ལམ་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་དང་།  མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་སྦྲེལ་མཚམས་ཀྱི་ལམ་རིན་བསྡུ་ས་མེད་པ་བཟོ་རྒྱུ་ནི།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་མཐོང་ཆེན་གནང་བ་མ་ཟད་བླང་བྱ་གསལ་སྟོན་ཡང་གནང་ཡོད་པས།  གློག་རྡུལ་ལམ་རིན་བསྡུ་བའི་མ་ལག་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེ་གཏོང་བ་དང་ཟོག་འགྲེམས་ཀྱི་མ་གནས་དམའ་རུ་ཏན་ཏིག་བཏང་ནས་མི་དམངས་མང་ཚོགས་ལ་བདེ་འཇགས་དང་སྟབས་བདེ།  གྲོན་ཆུང་བཅས་ཀྱི་འགྲུལ་བཞུད་དགོས་མཁོ་སྐོང་དགོས་ཞེས་དང་།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་ནས་ནུབ་རྒྱུད་ས་ཁུལ་གྱི་གོང་འཕེལ་ཐད་མཐོང་ཆེན་པོ་གནང་སྟེ།  དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་རྣམ་པ་་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་པར་འགྲེམས་བྱས་ཏེ།  འབྲེལ་བ་ཆ་བཅུ་གསུམ་ཐག་གཅོད་ཡག་པོ་བྱེད་རྒྱུས་རྩ་བའི་བྱ་ཐབས་བརྒྱུད།  གོ་སྐབས་དམ་འཛིན་ངང་བྱ་ཐབས་ནན་དུ་བཏང་ཐོག་གཙོ་གནད་དམ་འཛིན་བྱེད་པ་དང་།  ཆད་སྐྱོན་གསབ་པ།  ཞན་ཆ་སེལ་བ་བཅས་བྱས་ནས་རང་ལྗོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ལེགས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ།  ན་ནིང་ཉིང་ཁྲིའི་རྒྱ་ལ་གྲོང་ཚོའི་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་རི་སྔ་རྗེས་སུ་ཐེངས་གཉིས་ཉིལ་ནས་གཞི་ཁྱོན་ཆེ་བའི་གེགས་བར་བྱུང་ཡོད།  རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་མི་སྣ་ཤི་རྨས་གཅིག་ཀྱང་བྱུང་མེད་པས་རིམ་ཁག་འགོ་ཁྲིད་དང་མང་ཚོགས་ཀྱི་ཁས་ལེན་གང་ལེགས་ཐོབ་ཡོད།  དེང་སྐབས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ནས་གནོད་འཚེ་འགོག་སེལ་དང་།  སྡོད་ཁང་འཛུགས་སྐྲུན།  སྤྱི་པའི་ཞབས་ཞུ།  རྨང་གཞིའི་སྒྲིག་བཀོད།  ཐོན་ལས་གོང་འཕེལ།  སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་བསྐྱར་སྐྲུན་ལས་ཀར་སྐུལ་འདེད་ནུས་ལྡན་གཏོང་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

ཚོགས་འདུའི་ཐོག་གཞན་ཡང་།  མཐའ་སྐྱོང་བོད་བརྟན་སྐོར་དང་དུག་རྫས་གཏན་འགོག་ལས་དོན་ཐད་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།  འགན་འཁྲི་སྔར་བས་ནན་པོ་དཀྲི་བ་དང་ཚན་པ་ཁག་དབར་གྱི་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ།  གྲོན་དངུལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ།  དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ།  རྒྱ་ཁྱབ་ངང་མང་ཚོགས་སྐུལ་སློང་བྱེད་པ་བཅས་བྱས་ནས་རིགས་ཁག་གི་དུག་རྫས་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས་པའི་ནན་བཤད་བྱས་ཡོད།།

  ༼  རྩོམ་སྒྲིག་ངག་དབང་། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]