རང་ལྗོངས་ཀྱིས་གྲོང་གསེབ་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ།

ཡོང་ཁུངས།   བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།       རྩོམ་པོ།   བོད་ལྗོངས་འཕྲིན་དྲ།      སྤེལ་དུས།   2019-10-14

您没有安装FlashPlayer或版本太低, 请点击获得最新版本FlashPlayer

 
 
 
 
00:00

རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་སྤེལ་ཚུན།  གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པའི་དམ་འཛིན་བྱེད་ས་གལ་ཆེན་ཞིག་ཏུ་རྩིས་ནས།  གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བ་དང་གྲོང་ཚོའི་གཙང་སྦྲའི་བྱ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ།  གསང་སྤྱོད་གསར་བསྐྲུན་དང་བསྒྱུར་བཟོ་བཅས་ཀྱི་ལས་དོན་བརྟན་པོའི་ངང་སྐུལ་འདེད་བཏང་བས།  གཙོ་གནད་ལས་འགན་ལ་དམིགས་ནས་གྲོང་གསེབ་ཀྱི་མི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་རེད། 

ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ ༢༠༡༨ ལོར་ལྗོངས་ཡོངས་སུ་གསང་སྤྱོད ༡༩༣༨ གསར་སྐྲུན་བསྒྱུར་བཟོ་བྱེད་རྒྱུ་བཀོད་སྒྲིག་བྱས་ཡོད་པའི་ནང་ད་བར་གསང་སྤྱོད ༡༦༧༥ བསྐྲུན་ཟིན་པས།  དེང་སྐབས་ལྗོངས་ཡོངས་སུ་གྲོང་ཚོ ༡༥༡༥ འཆར་འགོད་དང་ཟུར་འཁྲིད་བྱས་ཏེ་གྲོང་ཚོ་འཛུགས་སྐྲུན་ཁྲོད།  ཡུལ་ལུང་གི་རྣམ་པ་དང་རིག་གནས་ཁྱད་ཆོས་མངོན་རྒྱུར་ཁྲིད་སྟོན་ཐུབ་ཡོད་པ་རེད།།

  ༼  རྩོམ་སྒྲིག་ཚེ་སྒྲོན། ༽
མཉམ་སྤྱོད།  

ངོ་མཚར་གླེང་མོལ།

པར་ལེན་།

西藏第一座寺庙——桑耶寺

བགྲོ་གླེང་།:ཆོས་ལུགས།

[བགྲོ་གླེང་།]